R795: གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག

  • Pagination (Witness A): 336
[A:336]རའི་དཀྱིལ་འཁོར་དུ་བདག་ཉིད་འཇུག་ཅིང་དབང་བླང་བའི་ཆོ་ག །སྒྲུབ་ཐབས། ཚོགས་འཁོར་གྱི་ཆོ་ག །སྦྱིན་སྲེག་གི་ཆོ་ག་དང་བཅས་པ་༡༡། སྒྲོལ་མ་ལྷ་བཅུ་བདུན་གྱི་སྒྲུབ་པའི་ཐབས་༦། སྒྲོལ་མའི་དབང་གི་ཆོ་ག་༡༦། བཅོམ་ལྡན་འདས་སྒྲོལ་མའི་ལུས་དཀྱིལ་སྒོམ་པའི་རིམ་པ་༣། རྡོ་རྗེ་སྒྲོལ་མའི་སྒྲུབ་ཐབས་བསྡུས་པ་༣། འཇིགས་པ་བརྒྱད་ལས་སྐྱོབས་པའི་སྒྲོལ་མའི་སྒྲུབ་ཐབས་༣། ཨོ་རྒྱན་སྒྲོལ་མའི་སྒྲུབ་ཐབས་༣། གུར་གྱི་སྒྲོལ་མའི་སྒྲུབ་ཐབས་༥། ཕྱག་དྲུག་སྒྲོལ་མའི་སྒྲུབ་ཐབས་༢། སྦྱོང་རྒྱུད་ནས་གསུངས་པའི་ཚེ་དཔག་མེད་ཀྱི་སྒྲུབ་ཐབས། ཡང༌། ཚེ་དཔག་མེད་ཀྱི་སྒྲུབ་ཐབས་གཅིག་༤། ཚེ་དཔག་མེད་ཀྱི་བསྟོད་པ་༢། སྣང་བ་མཐའ་ཡས་ཀྱི་ཉལ་སྒོམ་དང༌། ཐུགས་རྗེ་ཆེན་པོ་དང་ཕྱག་རྒྱ་ཆེན་པོ་ཟུང་འཇུག་ཏུ་ཉམས་སུ་ལེན་ཚུལ་༣། ཐུགས་རྗེ་ཆེན་པོ་ཕྱག་བཞི་པའི་སྒྲུབ་ཐབས་༢། སེང་གེ་སྒྲའི་སྒྲུབ་ཐབས་༢། འཇམ་དཔལ་ཨ་ར་པ་ཙ་ནའི་སྒྲུབ་ཐབས་༢། འཇམ་དབྱངས་དཀར་པོའི་སྒྲུབ་ཐབས་༢། མི་འཁྲུགས་པའི་སྦྱིན་སྲེག་༣། ཕྱག་ན་རྡོ་རྗེའི་སྒྲུབ་ཐབས་༢། དཔལ་རྡོ་རྗེ་རྣམ་པར་འཇོམས་པའི་སྒྲུབ་ཐབས་༦། མི་གཡོ་བ་སྔོན་པོའི་སྒྲུབ་ཐབས་༢། མི་གཡོ་བ་ཕྱག་བཞི་པའི་སྒྲུབ་ཐབས་༢། རྟ་མགྲིན་ཁྱུང་གཤོག་ཅན་གྱི་སྒྲུབ་ཐབས་༢། འཕགས་པ་བྱམས་པའི་སྒྲུབ་ཐབས་སྐོར་ཡན་ལག་དང་བཅས་པ་༢། རྣམ་རྒྱལ་གྱི་སྒྲུབ་ཐབས་སྟོང་མཆོད་ཀྱི་ཆོ་ག་དང་བཅས་པ་དང་༤། གཙུག་ཏོར་གདུགས་དཀར་མོའི་སྒྲུབ་ཐབས་༣། རི་ཁྲོད་ལོ་མ་གྱོན་མའི་སྒྲུབ་ཐབས་ཆོ་ག་དང་བཅས་པ་༧། ལོ་མ་ཅན་གྱི་སྒྲུབ་ཐབས་བསྡུས་པ་བསྟོད་པ་དང་བཅས་པ་༢། ལྷ་མོ་སྐུལ་བྱེད་མའི་སྒྲུབ་ཐབས་༢། འོད་ཟེར་ཅན་གྱི་སྒྲུབ་ཐབས་བསྡུས་པ་༣། མྱ་ངན་མེད་པའི་འོད་ཟེར་ཅན་གྱི་སྒྲུབ་ཐབས་༣། འོད་ཟེར་ཅན་གྱི་སྦྱིན་སྲེག་༤། ལྷ་མོ་འོད་ཟེར་ཅན་