R795: གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག

  • Pagination (Witness A): 337
[A:337]མའི་བསྟོད་པ་༣། སྤྱན་མའི་སྒྲུབ་ཐབས་༢། གཟའ་ཡུམ་གྱི་སྒྲུབ་ཐབས་༢། གཟུངས་གྲྭ་ལྔའི་ཆོ་ག་ལ་སོགས་པ་ཆ་ལག་ཚང་མ། འདི་ལ་སྔོན་འགྲོ་གཏོར་མ། བསྲུང་བ་ལྔའི་དཀྱིལ་འཁོར་གྱི་སྒྲུབ་ཐབས་གཉིས། བསྲུང་བའི་ལྷ་མོ་ལྔ་ལ་བསྟོད་པ། བསྲུང་བ་ལྔའི་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་བསྟོད་པ། ཕྱོགས་ཀྱི་གཏོར་མ། གཟའ་སྐར་ལ་གསོལ་བ་གདབ་པ། གསང་སྔགས་རྗེས་སུ་འཛིན་པའི་གཏོར་མ། དབང་བསྐུར་བའི་སྔོན་དུ་བྱུར་གསལ་བ། དབང་བསྐུར་བའི་ཆོ་ག་༢༣རྣམས་སོ། །ཛམ་བྷ་ལའི་སྒྲུབ་ཐབས་༢། ཕྱོགས་བཞིའི་གཏོར་མ་༨། ཕྱོགས་སྐྱོང་དང་འབྱུང་པོའི་ཆུ་གཏོར་༣། ཆུ་གཏོར་གཏོང་བའི་རིམ་པ་༤། རྒྱུན་གཏོར་ཇི་ལྟར་བྱ་བའི་རིམ་པ་༤རྣམས་སོ། །
ཁྱོན་༣༡༣
༼ཌྷ༽པ་ལ། སྐྱབས་འགྲོ་སེམས་བསྐྱེད་བསྔོ་བ་དང་བཅས་པ་༨། སེམས་བསྐྱེད་ཆོ་ག །སེམས་བསྐྱེད་སྐྱབས་འགྲོ་དང་བཅས་པ་༥། སྐྱབས་འགྲོ་སེམས་བསྐྱེད་བསྔོ་བ་དང་བཅས་པ་བསྡུས་པ་༢། སེམས་བསྐྱེད་སྐྱབས་འགྲོ་དང་བཅས་པ་༣། སྐྱབས་འགྲོ་བོ་ལོད་མ་༤། སྐྱབས་འགྲོ་ཨ་རོག་ཆེ་མ་༢། ཐེག་ཆེན་གསལ་བ་ཞེས་བྱ་བ་ཡི་གེའི་མ་མོ་ལ་སྤེལ་བ་༣། ཐེག་ཆེན་གསལ་བའི་བསྡུས་དོན་༣། འདུལ་བའི་ལས་ཆོག་ཆེ་བ་གཅིག་༢༢། འདུལ་བའི་ལས་ཆོག་ཆུང་བ་གཅིག་༤། བསྙེན་གནས་ཀྱི་སྡོམ་པ་འབོག་ཚུལ་༣། ཤེས་བྱ་རབ་གསལ་༢༩། ལས་འབྲས་གསལ་བའི་མེ་ལོང་༣། སྙིང་པོའི་སྡོམ་༢། ཐབས་ལ་མཁས་པའི་སྡོམ་༣། ཏིང་ངེ་འཛིན་གྱི་སྡོམ་༢། སངས་རྒྱས་ཀྱི་སའི་སྡོམ་༢། བྱང་ཆུབ་སེམས་དཔའི་སྡོམ་༢། རྒྱུད་བླ་མའི་བསྡུས་དོན་༦། ཐེག་པའི་རྣམ་དབྱེ་༢། ཐེག་གསུམ་སོགས་ཉམས་སུ་བླང་ཚུལ་༢། ཕྱག་རྒྱ་ཆེན་པོ་ཉམས་སུ་ལེན་པའི་མན་ངག་༢། ཉམས་ལེན་མན་ངག་བདུན་དང༌། ཡན་ལག་བདུན་གྱི་གཏམ་༣། དམ་ཆོས་པད་