R795: གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག

  • Pagination (Witness A): 341
[A:341]ཆུབ་དབང་རྒྱལ། སྔགས་འཆང་ཚེ་དབང་བཀྲ་ཤིས། རབ་འབྱམས་སྨྲ་བ་དཔལ་ལྡན་དོན་གྲུབ། འཇམ་དབྱངས་དབང་ཕྱུག་རྒྱལ་མཚན། པཎ་ཆེན་བསོད་ནམས་མཆོག་ལྡན། ཆོས་རྗེ་རིན་ཆེན་རྒྱ་མཚོ།
བླ་མ་བྱམས་པ་བསྟན་པ་རྒྱ་མཚོ། རྡོ་རྗེ་འཆང་བློ་གྲོས་དབང་ཕྱུག །མཁན་ཆེན་ཆོས་དབང་རྒྱ་མཚོ། དགེ་སློང་བསྐལ་བཟང་ཕྲིན་ལས། བྱམས་པ་ཀུན་དགའ་བསྟན་དར། བསླབ་གསུམ་རྣམ་པར་དག་པ་ཁྱབ་བདག་བྱམས་པ་ཕུན་ཚོགས་ཆོས་འཕེལ། དེས་བདག་ཝཱ་གིནྡྲ་ལའོ། །
དྲིན་ཅན་རྩ་བའི་བླ་མ་ཐེག་མཆོག་གླིང་པ་འཇམ་དབྱངས་རྣམ་རྒྱལ། དེས་བདག་ལ་དགྱེས་པ་ཆེན་པོས་སྩལ་ལོ། །སྐབས་སུ་བབ་པའི་ཡིད་ཆེས་ངོ་མཚར་བའི་འཕྲོས་དོན། རང་གཞན་གྱི་བཟང་རྟོག་སྤེལ་བ་ཅུང་ཟད་བྲིའོ། །དེ་ཡང༌། རྫོང་པ་དང༌། ངོར་པ་སྤྱི་མཐུན་ཞིང༌། སྐབས་འདིར་རྗེ་བཙུན་མུ་སྲད་པའི་གསུང་ལས་འདི་སྐད་དུ་ཆོས་ཀྱི་རྗེ་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱིས། བླ་མ་དཔལ་ལྡན་སེང་གེ་ཐུགས་དགོངས་རྫོགས་ཕྱིར་དུ་མཁན་པོ་ཤེས་རབ་རྡོ་རྗེ་དང༌། དབུས་པ་རིན་རྒྱལ་གཉིས་མངའ་རིས་དབུས་རྩང་ཁམས་གསུམ་གྱི་དགོན་གནས་ཀུན་ཏུ་མངགས་ནས། རྗེ་བཙུན་ཡབ་སྲས་གསུམ་གྱི་བཀའ་འབུམ། ལུང་ཡོད་པ་ཀུན་ལས་ལུང་བླངས་སྟེ། གླེགས་བམ་དང་དཔེ་ལུང་ཕྱོགས་གཅིག་ཏུ་བསྒྲིགས་སོ། །ཞེས་གྲགས་པས། རྗེ་བཙུན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་འདི་ཉིད། ལུགས་སྲོལ་འདི་ལ་བཀའ་བསྡུ་བ་པོ་ཡིན་ནོ། །དེ་དག་དུ་མ་འདུས་པ་ཕྱིས་སུ། ཐེག་ཆེན་ཆོས་ཀྱི་རྒྱལ་པོས་ཀྱང་སླར་རྙེད་པ་རྣམས་ཁ་བསྐོང་བར་མཛད་པས་ཤིན་ཏུ་བཀའ་དྲིན་ཆེ་བ་ཡིན་ནོ། །ཞེས་ཁོ་བོའི་བླ་མ་རྣམས་གསུང་ངོ༌། །ཆོས་རྗེ་ཁུ་དབོན་གྱི་བཀའ་འབུམ་ནི། ཞང་དཀོན་དཔལ་ནས་ཡོངས་སུ་རྫོགས་པར་བརྒྱུད་དེ་འོངས་པས། གླེགས་བམ་དང་དཔེ་ལུང་སྔ་མོ་ཉིད་ནས་ཕྱོགས་གཅིག་ཏུ་བསྒྲིགས་ཏེ་གནས་སོ། །དེ་ལ་འདི་སྐད་ཅེས་བྱ་