R795: གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག

  • Pagination (Witness A): 364
[A:364]ཆེན་པོས་ནག་པོ་ཆེན་པོ་འདི། ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ༌། །ཞེས་པ་ལྟར་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོའི་སྐུ་གསུང་ཐུགས་དབྱེར་མི་ཕྱེད་པའི་སྤྲུལ་པར་བསྟན་པས་བསྟན་སྲུང་ཀུན་གྱི་གཙོ་བོ་སྟེ། ཞེས་གསུངས་པ།
ལ་ལ་དག་རྒྱལ་འགོང་ཕོ་གདོན་མོ་གདོན་ལ་ཆོས་སྐྱོང་གི་མིང་བཏགས་ནས་གཏན་གྱི་སྐྱབས་གནས་སུུ་བྱེད་པ་དེ། སྐྱབས་སྡོམ་འཇིག་པ་ལས་འབྲས་བུ་གཞན་མེད་དོ། །ཞེས་བྱ་བའི་དགོངས་པར་མངོན་ནོ། །
དེ་ཡང་ཆོས་སྐྱོང་འདི་ཉིད་ཀྱི་དབང་སྔོན་དུ་ཐོབ་ཚུལ་ལེའུ་བཞི་པ་དང༌། རྗེས་གནང་ཐོབ་ཚུལ་ལེའུ་དྲུག་པར་གསལ་ལོ། །དཀར་ཆག་གི་མགོར། ན་མོཿསང་གུུ་རུ་པཱ་དཱ་ཡ། ནས། ཀུན་དགའ་བཀྲ་ཤིས་རྒྱལ་མཚན་དཔལ་བཟང་པོས་མཛད་པ། ཞེས་པའི་མཐའ་ཅན། རྡོ་རྗེ་འཆང་ཚུལ་ཁྲིམས་བཀྲ་ཤིས་ཉིད་ཀྱིས་མཛད་པ། ཞལ་བྱང་དང༌། མགོར། ན་མོ་གུ་རུ་བྷྱཿ བླ་མ་ཡི་དམ་དབྱེར་མེད་དང་ཞེས་བྱ་བ་དང༌། དེ་ལྟར་ཆོས་སྐྱོང་གི་བརྒྱུད་པའི་ལོ་རྒྱུས་ཐོ་
༼ཐར་༽
རྩེ་བླ་མའི་གསུང་བཞིན་ཕྱོགས་གཅིག་ཏུ་བྲིས་པ་ཡིན་ནོ། །ཞེས་བྱ་བ་ཡོད་པའི་མཐའ་ཅན།
དེ་བཞིན་དུ་ཆོས་ཚན་སོ་སོའི་ཐོག་མཐའི་ཚིག་སྦྱར་བའོ།
མགོར། ནག་པོ་ཆེན་པོའི་མན་ངག་ནི། །མཎྜལ་ཟུར་དྲུག་འཁོར་ལོ་བྲི། །ནས། ཡབ་སྲས་ལས་བརྒྱུད་པའི་མན་ངག་རྫོགས། མཐའ་ཅན། མགོར། ནག་པོ་ཆེན་པོ་ལ་ཕྱག་འཚལ་ལོ། །གནས་དང་མལ་ཆ། ནོར་རྫས་བསྲུང་བར། ནས། ནོར་རྫས་བསྲུང་བའི་ཆོ་གའོ། །མཐའ་ཅན། མགོར། བསྟན་པ་གནས་པར་བྱ་བའི་ཕྱིར། །ནས། གསང་བའི་མན་ངག་རྫོགས་སོ། །མཐའ་ཅན། །མགོར། དང་པོར་བདག་ཉིད་ཀྱིས་བསྙེན་སྔགས་དང༌། སྔགས་རིང་གཉིས་ཀ །ནས། དེ་དག་གིས་ནི་ཡི་གེ་རྙིང་པ་ཡིན་ནོ། །མཐའ་ཅན། མགོར། དཔལ་ནག་པོ་ཆེན་པོ་སྒྲུབ་པར་འདོད་པས། བདག་ཉིད་ཡི་དམ་གྱི་བསྒོམ་