R795: གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག

  • Pagination (Witness A): 365
[A:365]བཟླས། ནས། སློབ་དཔོན་བྲམ་ཟེ་མཆོག་སྲེད་ཀྱི་མན་ངག་བསད་པའི་ལས་སྦྱོར་རོ། །མཐའ་ཅན། མགོར། བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །བགེགས་ལ་བྱེད་ན་ཡང༌། ནས། ཕོ་རྐྱང་དུ་བསྒྲུབ་པའོ། །མཐའ་ཅན། མགོར། མཁའ་འགྲོ་མ་དབང་དུ་བྱ་བར་འདོད་པས། མཆོད་པ་བཤམས་པ། ནས། ས་སྐྱ་པའི་མན་ངག་བླ་མ་གོང་མའི་ཡི་གེ །མཐའ་ཅན། མགོར། འཇམ་ཞིང་ཞི་བའི་ལས་ལ་ཡུན་སྲིངས་ཏེ། །ནས། འཇམ་ཞིང་ཞི་བའི་ལས་དམ་པ་རྫོགས་སོ། །མཐའ་ཅན། མགོར། ནག་པོ་ཆེན་པོ་ལ་ཕྱག་འཚལ་ལོ། །ཤིན་ཏུ་མྱུར་བའི་ལས་ལ་ཞག་བདུན་གྱིས། །ནས། ཡོད་པས་གཟབས་ལ་བྱའོ། །མཐའ་ཅན། མགོར། མཧཱ་ཀཱ་ལའི་བསྙེན་པ་ཡང༌། །དང་པོ་ལྷག་པའི་ལྷ། ནས། མེའམ་ཁུ་བ། སྒྲ་སྙན་གྱི་རྫས་རྫོགས་སོ། །མཐའ་ཅན། མགོར། བླ་མ་དང་དཔལ་ཀྱེ་རྡོ་རྗེ་ལ་ཕྱག་འཚལ་ལོ། །ཚོགས་ཀྱི་བདག་པོའི་ཚུལ་དུ་བསྒྲུབ་པའི། ནས། ལས་རྣམས་སྒྲུབ་ཐབས་ཉིད་ལས་བཙལ་ལོ། །མཐའ་ཅན། མགོར། ན་མོ་གུ་རུ་བྷྱཿ ན་མོ་མཧཱ་ཀཱ་ལ་ཡ། སྤྱིར་བྲམ་ཟེ་མཆོག་སྲེད་ཀྱིས། ནས། དེ་ལྟ་བུའི་ལས་སྦྱོར་ཟླ་བ་ཕྱེད་བྱས་ན་རྩལ་ཆེན་རྫོགས་སོ། །མཐའ་ཅན། མགོར། དཔལ་ལྡན་བླ་མ་དམ་པ་དང༌། །ཀྱེ་རྡོར་རྗེ་ཡི་ལྷ་ཚོགས་དང༌། །ནས། བརྗེད་པར་དོགས་ནས་དཀར་སྟོན་ཤཱཀྱ་གྲགས་ཀྱིས་བྲིས་པའོ། །མཐའ་ཅན། མགོར། མཧཱ་ཀཱ་ལ་དུཥྟཾ་བཱ་ག་ནན་ཡ་ཨུ་པ་དེ་ཤ །ནས། གཏང་རག་གི་མཆོད་པ་གཞུང་བཞིན་བྱའོ། །མཐའ་ཅན། མགོར། མཧཱ་ཀཱ་ལ་ཡ་ན་མཿ དཔལ་ནག་པོ་ཆེན་པོའི་མན་ངག་གི་ལས། ནས། མི་མང་ལ་མ་སྤེལ་གསུང་ངོ༌། །མཐའ་ཅན། མགོར། བླ་མ་དང་དཔལ་ནག་པོ་ཆེན་པོ་ལ་ཕྱག་འཚལ་ལོ། །རང་ཉིད་ཡི་དམ་མམ། མཧཱ་ཀ་ལ། ནས། སྙིང་ཁོས་མགོ་ཆོད་རྒྱན་དུ་གྱིས། །མཐའ་ཅན། མགོར། ན་མོ་གུ་རུ། བསྒྲུབ་པ་པོས་ཆོས་སྐྱོང་རྣམས་