R795: གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག

  • Pagination (Witness A): 366
[A:366]འཁོལ་ཞིང༌། །ནས། མན་ངག་འདི་ལ་བརྟེན་པ་ཤིན་ཏུ་གཅེས་སོ། །མཐའ་ཅན། མགོར། བླ་མ་དང་དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ནག་པོ་ལྕམ་དྲལ་མཆོད་དང་བསྟེན། །ནས། བླ་མའི་གསུང་བཞིན་དག་པར་བྲིས་པའོ། །མཐའ་ཅན། མགོར། བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །སྤྱིར་འདི་ལ་གཉིས་ལ། ནས། རྩུབ་ལུགས་སུ་བསྒྲུབ་པ་རྫོགས་སོ། །མཐའ་ཅན། མགོར། ལས་སྔ་མ་བྱས་ནས། ལས་མཇུག་མནན་པ་ནི། ནས། གནས་གསུམ་བསྲུངས་ནས་བདེ་བར་སྤྱད་དོ། །མཐའ་ཅན། མགོར། ཤིན་ཏུ་རྩུབ་པའི་བསྒྲུབ་ལུགས་ནི། །རྟེན་གྱི་དཀྱིལ་འཁོར། ནས། རྩུབ་པར་བསྒྲུབ་པའོ། །གསང་ངོ༌། །རྫོགས་སོ། །མཐའ་ཅན། ༈ མགོར། རྒྱ་གར་སྐད་དུ། ནས། ཤྲདྡྷ་ཀ་ར་ཝརྨ་དང༌། ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་བའོ། །མཐའ་ཅན། མགོར། བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །མཁའ་འགྲོ་སྦགས་ཏེ་བསྒྲུབ་པའི་མན་ངག །ནས། བློ་གྲོས་སེང་གེས་སྦྱར་བ་རྫོགས་སོ། །མཐའ་ཅན། མགོར། ན་མོ་གུ་རུ་བྷྱཿ འདིར་དཔལ་ནག་པཽ་ཆེན་པོའི་དྲག་པོའི་ལས་སྦྱོར། ནས། གཞན་ལ་ཤིན་ཏུ་གསང་ཆེར་བྱ་དགོས་གསུང༌། མཐའ་ཅན། འདི་རྣམས་ཀྱི་བཀའ་ལུང་ཐོབ་པའི་བརྒྱུད་པ་ནི། སངས་རྒྱས་རྡོ་རྗེ་འཆང༌། སློབ་དཔོན་ཆེན་པོ་བྲམ་ཟེ་མཆོག་སྲེད། བདེ་བའི་རྡོ་རྗེ། ཤྲདྡྷ་ཀ་ར་ཝརྨ། ཇོ་བོ་རིན་ཆེན་བཟང་པོ། བྲག་སྟེང་པ་ཡོན་ཏན་ཚུལ་ཁྲིམས། མལ་ལོ་བློ་གྲོས་གྲགས་པ། བླ་མ་ས་སྐྱ་པ་ཆེན་པོ་ཀུན་དགའ་སྙིང་པོ།
ཡང་ན་འཕགས་པ་ཀླུ་སྒྲུབ། སློབ་དཔོན་ཆེན་པོ་པདྨ་བཛྲ། དྷརྨ་པཱ་ལ། ཇོ་བོ་རིན་ཆེན་བཟང་པོ། བྲག་སྟེང་པ། འབྲོམ་ཇོ་སྲས། དཔལ་བརྩེ་བ་ཆེན་པོ། དེ་ནས།
སློབ་དཔོན་བསོད་ནམས་རྩེ་མོ། རྗེ་བཙུན་གྲགས་པ་རྒྱལ་མཚན། ཐམས་ཅད་མཁྱེན་