R795: གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག

  • Pagination (Witness A): 396
[A:396]དབང་ནམ་མཁའ། རྗེ་བཙུན་འཇམ་དབྱངས་བསྟན་འཛིན། དེས་བདག་ཕྲིན་ལས་རྣམ་རྒྱལ་ལ་དགྱེས་པ་ཆེན་པོས་བསྩལ་ཏོ། །གཉིས་པ་ནི་ཆེས་ཤིན་ཏུ་གསང་བའི་རྣམ་ཐར་པུསྟ་ཀ་གཅིག །གསུམ་པ་ལ་གཉིས་ཀྱི་དང་པོ་མིའི་བླ་མ་ལ་གསན་པ་དང༌། ལྷག་པའི་ལྷ་ལ་གསན་པ་གཉིས་ཀྱི་དང་པོ་ནི། ༼ག༽གསན་ཡིག་གངྒཱའི་ཆུ་རྒྱུན་པུསྟ་ཀ་བཞིའི་བརྒྱུད་པ་ནི། རྒྱལ་དབང་ཞབས། རྗེ་འཇམ་དབྱངས་བསྟན་འཛིན། དེས་བདག་གོ །གཉིས་པ་ནི་ཆེས་གསང་བའི་རྣམ་ཐར་ན་གསལ། གཉིས་པ་ནི་ལུགས་གཉིས་ཀྱིས་མངོན་པར་མཐོ་བ་དགའ་ལྡན་ཕོ་བྲང་དང༌། རང་བྱོན་འཕགས་པའི་གཙུག་ལག་ཁང་དང༌། སོག་ཡུལ། རྒྱ་ནག་ལ་སོགས་པའོ། །གསུམ་པ་གང་གི་ཕྱིར་གསུངས་པ་ལ། བཀའ་དྲིན་དྲན་པའི་ཕྱིར་གསུངས་པ་དང༌། གདུལ་བྱ་སོ་སོའི་ངོར་གསུངས་པ་གཉིས་ཀྱི་དང་པོ་ནི། བླ་མ་ལྔ་བཅུ་པ་ལས། དབང་བསྐུར་མཆོག་ཐོབ་རྡོ་རྗེ་ཡི། །སློབ་དཔོན་ལ་ནི་དེ་བཞིན་གཤེགས། །ཕྱོགས་བཅུའི་འཇིག་རྟེན་ཁམས་བཞུགས་པ། །དུས་གསུམ་དུ་ནི་མངོན་ཕྱག་འཚལ། །ཞེས་དང༌། ཧེ་བཛྲ་ལས། དངོས་གྲུབ་ཐོབ་པའི་སློབ་མ་གང༌། །ཡང་དག་ཡེ་ཤེས་སྣང་བ་པོ། །མནར་མེད་སྤང་བའི་རྒྱུ་ཡིན་ཕྱིར། །གྲུབ་པས་བླ་མ་མངོན་ཕྱག་འཚལ། །ཞེས་གསུངས་པ་ལྟར་ཡ་རབས་ཀྱི་སྤྱོད་ཚུལ་བླ་ན་མེད་པ་སྟོན་པའི་ཕྱིར། རྩ་བའི་བླ་མའི་རྣམ་ཐར། བརྒྱུད་པའི་བླ་མའི་རྣམ་ཐར་གཉིས་ཀྱི་དང་པོ་ནི། པཎ་ཆེན་རིན་པོ་ཆེ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་གསང་བའི་རྣམ་ཐར་གྱི་ལུང་བརྒྱུད་ནི། རྒྱལ་དབང་ཞབས། ཕ་བོང་ཁ་པ་འཇམ་དབྱངས་གྲགས་པ། སྤྲུལ་སྐུ་དཀོན་མཆོག་ཉི་མ། དེས་བདག་གོ །རྗེ་དཀོན་མཆོག་ཆོས་འཕེལ་གྱི་རྣམ་ཐར། རྗེ་དཔལ་འབྱོར་ལྷུན་གྲུབ་ཀྱི་རྣམ་ཐར་བརྒྱུད་པ་ནི། རྒྱལ་དབང་ཞབས། ཕ་བོང་ཁ་པ་འཇམ་དབྱངས་