R795: གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག

  • Pagination (Witness A): 6
[A:6]གོང་མའི་གསན་ཡིག་ལུགས་བཞིན་བྲི། །ཞེས་པ་གྲུབ་མཐའ་གཞན་ནས་བྱུང་བའི་ཆོས་རྒྱུན་གྱི་བརྒྱུད་པ་དོར་ནས་རང་ལྟོས་ཀྱི་བླ་མ་འདྲེན་པ་ནི་སྤྲེའུ་ཡོས་རྐུན་འདྲ་སྟེ་བརྒྱུད་པ་ཐམས་ཅད་འཆོལ་དུ་མི་འཇུག་པ་གཅེས་སོ། །ཆོས་མི་ཐོབ་པའི་རྒྱུ་བཞི་ནི། ཆོས་ལ་དད་པ་མེད་པ་དང༌། བླ་མའམ་དགེ་རྒན་ངན་པས་བཀག་པ་དང༌། རང་ཆེན་པོར་རློམ་ནས་བླ་མ་ལ་མི་གུས་པ་དང༌། འཁོར་བ་ནས་ཐར་འདོད་མེད་པའོ། །ཆོས་མ་ཐོབ་ཀྱང་ཆོས་ཐོབ་ཁུལ་གྱིས་འཆད་པའི་རྐྱེན་ནི་སྟཻས་དབང་ཞིག་གིས་ཁྲི་མཐོན་པོར་ཐོན་པས་དགེ་བའི་བཤེས་གཉེན་དུ་ཁས་བླངས་ཏེ། ལྟོགས་ལྷས་ངོ་ཚ་བསྒྲིབས་པའི་དཔེས་འཆད་ཅིང་བསྟན་པའི་ཆོམ་རྐུན་བྱས་པས། གཞན་ལ་མི་ཕན་བཞིན་ཏུ་རང་དམྱལ་བར་སྐྱེ་བའི་རྒྱུ་ཡིན་ཞེས་ཕྱག་ཆེན་ཐིག་ལེ་སོགས་རྒྱུད་མང་པོར་གསུངས་སོ། །ཡང་དེ་ཉིད་ལས། འགའ་ཞིག་གསུང་རྒྱུན་དག་དང་བསྟུན་ལ་རག །ཁུངས་མ་ཆོད་རྣམས་སླར་ཡང་དཔྱད་གཞིར་བཞག །ངེས་པ་འགའ་ལ་དགག་སྒྲུབ་དང་བཅས་ཏེ། །ཡོན་ཏན་བཞི་ལྡན་སྐྱོན་མེད་བདུད་རྩིའི་སྨན། །འདི་ལ་དགོས་པ་ཆེན་པོ་མཐོང་ནས་བྲིས། །ཤེས་ལྡན་གཟུར་གནས་དོན་གཉེར་རྣམས་ཀྱིས་དཔྱོད། །ད་དུང་ཚོར་དང་མ་ཚོར་མ་རིག་པས། །མ་རྟོགས་ལོག་རྟོག་ཐེ་ཚོམ་དག་གི་སྐྱོན། །ལྷག་ཆད་ནོར་འཁྲུལ་མཆིས་ན་བཟོད་པར་གསོལ། །ངེས་པ་བརྙེད་ནས་སླར་ཡང་གསོ་བར་འཚལ། །ཞེས་སོ། །མཁས་པ་འཇུག་སྒོ་ལས། བཤད་སླ་བ་དང་བཟུང་བདེ་ཞིང༌། །བསྟན་བཅོས་ལ་ཡང་རྩོད་བྲལ་ཕྱིར། །མཁས་པ་ལ་ལ་བསྟན་བཅོས་ལུས། །བསྡུས་ཏེ་ཐོག་མར་དགོད་པར་མཛད། །ཅཻས་གསུངས་པ་ལྟར། Text Sections ལེའུ་དང་པོ་གླེང་གཞིའི་སྐོར། གཉིས་པ་ཉན་ཐོས་སོ་ཐར་སྡོམ་པའི་སྐོར། གསུམ་པ་བྱང་སྡོམ་སེམས་བསྐྱེད་ཀྱི་སྐོར། བཞི་པ་སྔགས་སྡོམ་འབྲས་