R8: གྲུབ་ཆེན་རྣལ་འབྱོར་དབང་ཕྱུག་བིརྭ་པའི་ལོ་རྒྱུས།

  • Pagination (Witness A): ༡༠
[A:༡༠]ཡོད་པ་ཐམས་ཅད་ཀྱང་བིརྺ་པས་བཤིག་གིས་དོགས་ནས་རང་རང་གི་ལྷ་རྟེན་གྱི་སྤྱི་བོར་སངས་རྒྱས་ཀྱི་སྐུ་དང་མཆོད་རྟེན་ལ་སོགས་པ་བཞག་གོ །དེ་ལ་གཟིགས་པས་རང་གི་མིང་གིས་ཀྱང་སངས་རྒྱས་ཀྱི་བསྟན་པ་ལ་བྱ་བ་བྱས་པར་ཡང་དགོངས་སོ། །དེ་ནས་ལྷོ་ཕྱོགས་ཀྱི་རྒྱུད་དེ་ཉིད་ན་ལྗོན་དམར་ལས་བྱས་པའི་དབང་ཕྱུག་ཆེན་པོའི་རྟེན་ཏཾ་པ་པྲ་ཏི་མ་བྱ་བ་ཅིག་ལ་མ་ཧེ་བརྒྱ་ཕྲག་རེ་ཙམ་བསད་ཅིང་མཆོད་པ་བྱེད་པ་ཅིག་ཡོད་པ་དེའི་རྐང་པ་ལ་རྡོག་པ་གཅིག་བརྒྱབ་ནས་ཕར་འདོང་གསུངས་པས་དེ་ལངས་ཏེ་ཕྱི་ལ་ཁྲིད་པ་དང༌། མུ་སྟེགས་པ་རྣམས་སྐྲག་སྟེ་གསོལ་བ་བཏབ་པ་དང༌། སློབ་དཔོན་གྱིས་མ་ཧེ་མི་གསོད་པར་འབྲས་ཆན་ལ་སོགས་པས་མཆོད་པ་བྱེད་ན་གཞག་གི །དེ་ལྟར་མི་བྱེད་ན་མི་འཇོག་གསུངས་པས། དེ་ལྟར་ཁས་བླངས་ཏེ་སྔར་གྱི་སར་བཞག་གོ །དེ་ནས་ཤར་ཕྱོགས་སུུ་ས་ཧ་ཛ་དེ་ཝཱི་ཞེས་བྱ་བ་རང་བྱུང་གི་ཏྲི་ཤཱུ་ལ་དང༌། ལྷ་མོ་ཙནྟི་ཀའི་རང་བྱུང་གི་རྡོ་སྐུ་ཡོད་པ་ལ་ཕྱི་རོལ་པའི་རྣལ་འབྱོར་མ་རྣམས་ཀྱིས་མི་དེར་ཁྲིད་པས་རང་བྱུང་གི་ཏྲི་ཤཱུ་ལ་ལྐོག་མ་ལ་ཟུག་ནས་འཆི། དེའི་ཤ་ལས་ཚོགས་ཀྱི་འཁོར་ལོ་བྱེད་པ་ཡོད་པ་དེའི་སར་སློབ་དཔོན་དཔོན་གཡོག་གསུམ་གྱིས་བྱོན་པ་དང༌། རྣལ་འབྱོར་མ་རྣམས་ཟ་བར་འདོད་ནས་ཚོགས་ཁང་གི་ནང་དུ་བོས་པས་སློབ་དཔོན་གྱིས་གཡོག་པོ་གཉིས་ལ་དབུགས་ཕྱིར་རྒྱུར་མ་གཞུག་པར་ནང་དུ་སྡོམས་ལ་སྡོད་ཅིག་གསུངས་ནས། སློབ་དཔོན་ཉིད་ནང་དུ་བྱོན་པ་དང༌། རྣལ་འབྱོར་མ་དེ་རྣམས་ན་རེ། ཁྱོད་ཀྱི་གྲོགས་པོ་གཉིས་པོ་གར་སོང་ཟེར། ཕྱི་རོལ་ན་འདུག་གསུངས་པས། ཚུར་ཁུག་ཟེར། དེ་ཁྱེད་རང་ཁུག་གསུངས་པས། ཁོང་གི་བོས་པས་ཀྱང་སྐད་མེད་འཛུག་གུ་སུག་བྱས་པའི་ཤུལ་ན་ཆུར་དབུགས་ངན་སུ་སུ། དྲི་ཆེན་འབུར་འབུར་བྱུང་བས་འདི་རུལ་ནས་འདུག་ཟེར་ལོག་པ་དང༌། ཏྲི་ཤཱུའུ་ལ་དེ་འདར་ཡེད་ཡེད་འདུག་པ་དང༌། སློབ་དཔོན་གྱིས་ཐལ་མོ་ཅིག་བརྡབས་པས་དེ་ཕྱེ་མར་སིལ་གྱིས་སོང་ངོ༌། །དེ་ནས་ལྷ་མོ་ཙནྟི་ཀའི་སྐུ་དེ་པར་པར་འདུག་པ་ལ་སྤྱི་བོར་ཐལ་མོ་