[A:༥༢]བྱས་པས། དེ་བཞིན་ཡིན་ན་སྨན་རྩེ་ནས་གདན་དྲོངས་ཀྱི་ལུང་བྱུང༌། དེའི་ཚེ་མཐུ་སྟོབས་ཀྱི་དབང་ཕྱུག་རྒ་ཨ་གཉན་དམ་པས་ཆོས་སྐྱོང་ལ་ཕྲིན་ལས་བཅོལ་བས། རྒྱལ་པོའི་ཕོ་བྲང་གི་སྟེང་དུ་ལྕགས་ཀྱི་བྱ་རོག་ཆེན་པོ་རི་བོ་ཙམ་བབས་པའི་སྤུ་འགུལ་བ་ཙམ་གྱིས་ས་ཕྱོགས་ཐམས་ཅད་གཡོ་བ་དང༌། གནམ་ཁའུའི་རྡོའི་ཆར་པ་བབས་པ་སོགས་ཆོ་འཕྲུལ་སྣ་ཚོགས་ཀྱིས་ཀྱང་ཤིན་ཏུ་མྱུར་བའི་གྲོགས་བྱས། དགུང་ལོ་སོ་ལྔ་པ་ལ་སྨན་ཙེ་ནས་གདན་དྲངས། ཚུར་བྱོན་དུས་སྔོན་གྱི་རྒྱལ་པོ་བོད་རྣ་ཅན་གྱི་མཁར་དང༌། ཀོང་ཇོའི་ཡབ་རྒྱལ་རྗེ་བཙན་པོ་ཐང་ཐའི་ཇུང་རྒྱལ་བོས་གནས་བརྟན་བཅུ་དྲུག་དབྱར་གནས་ལ་གདན་དྲངས་པའི་ས། ལྷ་སའི་ཇོ་བོའི་སྐུ་ཡོལ་བཞུགས་ས་ཕོ་བྲང་ཆེན་པོ་ཀྱིན་ཆང་ཧུ་ཞེས་པ་དང༌། བྱང་ཆུབ་སེམས་དཔའ་ཆོས་འཕགས་ཀྱིས་རྟག་ཏུ་ངུ་ལ་ཤེརཕྱིན་གསུངས་པའི་གྲོང་ཁྱེར་སྤོས་ལྡན། རྒྱ་སྐད་དུ་ཤིན་ཏུ་ཧུ་ཞེས་པ་རྣམས་གཟིགས། སོ་དྲུག་པ་ལ་གོང་མ་རྒྱལ་པོས་གནང་སྦྱིན་ཆེན་པོ་མཛད། འཕགས་པ་ཏི་ཤྲིའི་དབོན་པོ་ཡིན་ངེས་སུ་འདུག་པ་ཁྱེད་ཀྱིས་རིགས་བརྒྱུད་སྤེལ་ལ་ས་སྐྱར་གདན་ས་གྱིས་གསུང་པའི་ལུང་དང་འཇའ་ས་བཟང་པོ་གནང༌། སོ་བདུན་པ་ས་ཕོ་ཁྱི་ལ་ས་སྐྱར་ཕེབས། དེ་དུས་ཤར་པ་འཇམ་དབྱངས་ཆེན་པོ་བཞི་ཐོག་ན་བཞུགས་པས། གདན་ས་གཏད་བཞི་ཐོག་གི་གོ་སར་བཞུགས། བསྟན་པའི་བྱ་བ་འཆད་ཉན་སྒོམ་སྒྲུབ་བླ་མ་རྣམས་ཀྱི་དུས་མཆོད་དཀོན་ཅོག་གི་ཞབས་ཏོག །བུ་སློབ་ལྷ་སྡེ་མི་སྡེ་རྣམས་ཀྱི་མགོ་འདོན་སྐྱོང་རན་ཆེད་གཉེར་ལེགས་པར་མཛད། རྒྱལ་ཁམས་ཆེན་པོ་ཡང་ཆོས་བཞིན་དུ་བདེ་བར་འཇགས། གདན་ས་ཡང་དེ་དུས་རང་དཔལ་འབྱོར་