[A:༥༡]འཇལ་ལམ་བདུན་བགྲོད་པ་ན། ཧམ་ཆུ་ཟེར་བའི་མཁར་མིག་ཆེན་པོར་བཞུགས། དེ་ནས་འཇམ་དཔལ་ཆུ་བགྲོད་པ་ན་རི་བོ་པོ་ཏ་ལ་ཡོད་ཟེར། དེར་སྦས་པའི་རྣལ་འབྱོར་པའི་ཚུལ་གྱིས་བཞུགས། དེར་རྒྱ་མོ་ཞིག་ལ་དབང་བསོད་ནམས་བཟང་པོ་འཁྲུངས། དཔོན་ཆེན་ཀུན་དགའ་འོད་ཟེར་དུ་གྲགས་པའི་ཉེ་གནས་ཁམས་པས་ཞབས་ཏོག་གི་མཐིལ་བྱས། རྒྱལ་པོའི་ལུང་ལྕི་མོ་བྱུང་དོགས་པས་སྒྲོལ་མ་ལ་གསོལ་བ་འདེབས་པ་ལ་འབད་པས་ཉིན་གཅིག་པདྨའི་སྡོང་པོ་ཞིག་གི་སྟེང་ན་རྗེ་བཙུན་སྒྲོལ་མ་བྱོན་ནས་ཕྱག་གཡས་པས་བླ་མའི་སྤྱི་གཙུག་ཏུ་སྐྱབས་སྦྱིན་གྱི་ཚུལ་དུ་མཛད་དེ། བུ་འདོད་པས་ནི་བུ་ཐོབ་འགྱུར་ལ། །ནོར་འདོད་པས་ནི་ནོར་རྣམས་ཉིད་ཐོབ། །འདོད་པ་ཐམས་ཅད་ཐོབ་པར་འགྱུར་ཏེ། །བགེགས་རྣམས་མེད་ཅིང་སོ་སོར་འཇོམས་གྱུར། །ཞེས་གསུངས་ཤིང་ཞལ་བསྟན་དབུགས་ཕྱུང་ངོ༌། །དེའི་ཚེ་དྷརྨ་པཱ་ལ་སྐུ་གཤེགས་པའི་གདུང་ཐམས་ཅད་རིང་བསྲེལ་དུ་སོང་བ་རྒྱལ་པོ་ལ་ཕུལ་བས་ངོ་མཚར་སྐྱེས་ཏེ། ངའི་བླ་མའི་དབོན་པོ་ཡིན་པས་ཆོག་པ་འདུག་པ་ལ་ད་དབོན་པོ་མེད་གསུངས་ནས་སྤྱན་ཆབ་སྟོན་པ་ལ། ཁང་སར་བ་ཏི་ཤྲི་གྲགས་པ་འོད་ཟེར་སོགས་ཀྱིས་བླ་མའི་དབོན་པོ་བདག་ཉིད་ཆེན་པོ་ཡིན་པའི་རྒྱུ་མཚན་ཞུས་པས་རྒྱལ་པོ་ཡང་ཐུགས་འགྱུར། དེ་དུས་དཔོན་ཆེན་ཨག་གླེན་གྱི་སྔ་ཕྱིར་གྲོས་ཀྱི་དང་ལེན་མཛད། དེའི་གྲོགས་ཁམ་པ་དབོན་ནག་ཏུ་གྲགས་པས་ཀྱང་བྱས། ས་སྐྱའི་བཀའ་བགྲོས་བསྡུར་ཏེ་ཏི་ཤྲི་གྲགས་ཆེན་ལ་ཞུ་ཡིག་མཛད། ཉིན་བདེ་བ་གུ་ཤྲི་ཤེས་རབ་དཔལ་གྱིས་གོང་མ་རྒྱལ་པོ་ལ་ཡང་ཡང་ཞུས། དེའི་གྲོགས་མི་ཆེན་ཨོ་ཤུས་ཀྱང་