R82: ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡིད་འཕྲོག་ཨུཏྤ་ལའི་དོ་ཤལ།

  • Pagination (Witness A): ༧༢
[A:༧༢]གྱི་སྐུ་ཆས་རྣམས་གཟིམས་ཁང་ཤར་ནས་བསྒྲུབས། བསྙེན་པ་ཚུགས་ནས་ཟླ་བ་གཅིག་ཙམ་སོང་བའི་ཚེ། སྐུ་ཁམས་བདེ་རྒྱུ་མེད་ཙམ་བྱུང་ཐུགས་ཡུལ་དུ་བདེ་དོག་ཆེ་ རབ་ཡོད་པ་ཞིག་བྱུང་བའི་སྐབས་སུ་ཐུགས་དམ་ལ་རྩེ་གཅིག་ཏུ་འབད་པས་ལན་ཅིག་ཉི་མ་སྔ་དྲོའི་ཆའི་གཟིགས་སྣང་ལ་ཕྱག་གཡས་གཡོན་གཉིས་ཀྱི་གྲུ་མོ་ནས་སྦྲུལ་ནག་པོ་འདོམ་རེ་ཙམ་ཡོད་པ་རེ་མངོན་སུམ་དུ་ཐོན། དེ་འཕྲལ་ནས་སྐུ་ཁམས་ཤིན་ཏུ་དངས་པ་དང༌། ཐུགས་དམ་གྱི་བོགས་ཀྱང་གཞན་དང་མི་འདྲ་བ་བྱུང༌། གཞི་བསྙེན་ཁ་སྐོང་གི་སྦྱིན་སྲེག་ཚུན་ཆད་ཀྱང་མཐར་ཕྱིན་པར་གྲུབ། དེ་ཚེ་རྗེ་སེམས་དཔའ་ཆེན་པོ་ངོར་ལ་ཕེབས་པའི་ཞོར་ལ་བུག་སྒོའི་འགག་ཏུ་ཕེབས། བྱིན་རླབས་ཞལ་བཀོད་མང་དུ་མཛད། ཁྱད་པར་ཁ་སྐོང་གི་སྦྱིན་སྲེག་གི་ཚེ་ལྷ་སྔགས་ཀྱི་གྲངས་གཙོ་ཆེ་བས་དེ་ཅིས་ཀྱང་མ་ཆད་པ་ཞིག་མཛོད་གསུང་བ་ཕེབས། གཞན་ཡང་དེ་སྐབས་སུ་སློབ་དཔོན་ཆེན་པོ་སངས་རྒྱས་དཔལ་གྲུབ་པས་ཀྱང་ཐུབ་པ་དགོངས་གསལ། རིགས་གཏེར་རང་འགྲེལ། དག་ལྗོན་སྐོར་གསུམ། ཀྱེ་རྡོར། གསང་འདུས་ལ་སོགས་པའི་ཕྱག་འཁྲིད་ཀྱང་ཕུལ་ཞེས་གྲགས། ཉེ་སྡེར་ཆོས་རྗེ་རིན་པོ་ཆེ་ངག་དབང་གྲགས་པའི་དྲུང་དུ་ཡང་བདེ་མཆོག་ནག་པོའི་དབང༌། བསམ་མི་ཁྱབ་ཀྱི་བྱིན་རླབས། མི་གཡོ་བ་དཀར་པོའི་རྗེས་གནང༌། རྣམ་འཇོམས་བ་རི་ལུགས་ཀྱི་རིག་གཏད། ཚོགས་བདག་དམར་ཆེན་གྱི་རྗེས་གནང༌། དེ་དང་འབྲེལ་བའི་ཡིག་སྣ་རྣམས་ཀྱི་ལུང༌། ཚེ་དཔག་མེད་ཀྱི་དབང༌། བླ་མའི་རྣལ་འབྱོར། འོད་ཟེར་ཅན་དང་པརྞ་ཤ་བ་རིའི་གཟུངས་ཀྱི་ལུང་ལ་སོགས་པ། དབང་བྱིན་རླབས། ལུང་མན་