R82: ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡིད་འཕྲོག་ཨུཏྤ་ལའི་དོ་ཤལ།

  • Pagination (Witness A): ༨༦
[A:༨༦]སྐོལ་ལ་བློ་བདེ་བར་འཐུང་གསུང་པའི་བཀའ་ལུང་ཕེབས། དེའི་རྒྱུ་མཚན་ཡུལ་ཕྱོགས་དེ་ན་གནས་པའི་སྐྱེ་བོ་རྣམས་ཀྱིས་ཐོས་པ་ན། སྔར་རྨ་ཆུ་གཙང་པོ་ལ་སུས་ཀྱང་རབ་མ་ཐོན་པ་ལ་ད་ལན་འདི་འདྲ་བའི་རབ་འདོན་པ་འདི་སུ་ཞིག་ཡིན་ནམ་ཞེས་ཐམས་ཅད་འཇིགས་ཤིང་ཧ་ལས་ནས་ངོ་མཚར་བའི་གཏམ་དུ་གླིང་བར་བྱེད་དེ། དེ་ནས་ཡུལ་ཕྱོགས་གཞན་ཞིག་ཏུ་ཕེབས་པ་ན་ཆོས་ལ་མི་མོས་པའི་བོན་པོ་གདུག་པ་ཅན་འགའ་ཞིག་གིས་སྔར་གྱི་ལོ་རྒྱུས་རྣམས་ཐོས་པས་ཞེ་འཇིགས་ཀྱང་ཕྲག་དོག་གི་དབང་གིས་སེམས་ལ་རང་དབང་མ་ཐོབ་པར་དཔོན་སློབ་རྣམས་ལ་མཐོ་འཚམས་པའི་སེམས་ཀྱིས་སྔར་ཐོག་ལམ་རྒྱུན་པར་ཡོད་པའི་ས་ཆ་ཤིན་ཏུ་གཉན་པ་སུས་ཀྱང་སྡོད་མི་ནུས་པ་ཞིག་ཏུ་སྒར་ས་ཁུངས་བསྟན། དེར་དཔོན་སློབ་རྣམས་ཀྱིས་བཞུགས་པ་ན་སྲོད་ཐུམ་པ་ནས་སྤྲིན་ནག་འདུས་ཤིང་འབྲུག་སྒྲ་ཤིན་ཏུ་དྲག་པ་ན། གློག་འཕྲེང་རྒྱུན་མི་ཆད་པ་ཐོ་རངས་ཀྱི་ཆ་མ་ཟིན་གྱི་བར་དུ་མུ་མ་ཆད་པར་བྱུང་ཞིང༌། མི་མ་ཡིན་གྱི་ཆོ་འཕྲུལ་སྦལ་པ་ནག་པོ་ཤིན་ཏུ་ཆེ་བ་འཇིགས་སུ་རུང་བ་ཞིག་ཕྱ་ཐེར་གྱི་ནང་དུ་བྱུང་བ་ལ། རྗེ་ཉིད་ཀྱིས་ཁྲོ་བཅུའི་སྲུང་འཁོར་དང༌། བདེ་མཆོག་གི་གོ་ཆ་དྲུག་ལ་བརྟེན་པའི་སྲུང་འཁོར་གདུག་རྩུབ་ཀྱི་སྦྱོར་བ་མ་ཞིག་བར་དུ་མཛད་ཅིང༌། ཕྱགས་ཕྱི་བ་རྣམས་ཀྱིས་སྦལ་པ་བསྒྲལ་བས། དེ་ནས་ཞག་འགའ་ཡར་གྱི་བར་གང་ཕེབས་སར་སྤྲིན་ནག་པོ་བྱ་ར་བྱེད་པའི་རྣམ་པ་བྱུང་བ་དེ་ཞག་རེ་བཞིན་ཕར་འགྱང་ཕར་འགྱང་སོང་ཞིང་ཐོག་ལ་སོགས་པའི་བར་ཆད་ཀྱི་རྣམ་པ་གང་ཡང་མ་བྱུང་བས། ས་ཕྱོགས་དེ་སྐོར་ལ་ཡོད་པའི་བླ་དཔོན་མི་དཔོན་དོན་དཔོན་སོགས་ཐམས་ཅད་གནས་འདིར་བཞུགས་ཚུགས་པ་འདི་པ་དཔོན་