[A:༨༥]སློབ་མ་མི་དཔོན་མི་སྡེ་དང་བཅས་པ་རྣམས་ལའང་རང་རང་གི་སྐལ་བ་དང་འཚམ་པའི་གསུང་ཆོས་ཀྱི་ཚིམ་པར་མཛད་ཅིང༌། ཡུལ་དེ་དག་གི་མི་དཔོན་རྣམས་ཀྱིས་ཀྱང་ཕྱག་ཕྱི་བྱས་ནས་དམར་ཁམས་ཕྱོགས་ལ་ཕེབས་པའི་ལམ་ན་རྨ་ཆུ་གཙང་པོ་ཞེས་བྱ་བའི་ཆུ་ཀླུང་ཆེན་པོ་ཞིག་ཡོད་པའི་འགྲམ་དུ་སྒར་པ་སྔོན་མ་རྣམས་ཀྱིས་སླེབས་ནས་དེ་ནུབ་དེ་གར་སྡོད་རྩིས་བྱས་པ་ན་རྗེའི་ཞལ་སྔ་ནས་རྗེས་སུ་ཕེབས་ཏེ་ད་ལྟ་ཆུ་ལ་འགྲོ་གྲབས་གྱིས་གསུངས་པར། ཕྱགས་ཕྱི་བ་རྣམས་ཀྱིས་མགྲིན་གཅིག་ཏུ་དོ་ནུབ་ཐམས་ཅད་ཐང་ཡང་ཆད་ཉི་མ་ཡང་འཕྱི་མོར་སོང་འདུག་པས་འདི་གར་བཞུགས་ན་ལེགས་པ་འདྲ་ཞེས་ནན་གྱིས་ཞུས་ཀྱང་མ་གསན་པར་ད་ལྟ་འགྲོ་གྲབས་གྱིས་གསུངས་ཤིང༌། མཆོད་གཡོག་པ་ནམ་ཤས་ལ་མགོན་པོའི་གཏོར་མ་ཞིག་ད་ལྟ་ཆོས་ལ་ཆུ་འདི་ལ་རྒྱོབ་གསུང་པའི་བཀའ་ལུང་མཛད་པ་ན་ཁོང་གིས་ཀྱང་དེ་བཞིན་དུ་བྱས་པས་ཆུ་ལ་ཆེ་ཆུང་དུ་མངོན་པ་ཅི་ཡང་མ་བྱུང༌། དེ་རྗེས་རྗེ་ཉིད་ཀྱི་གཏོར་མ་ཆུ་ལ་རྒྱག་པ་གནང་བས་ལྕགས་ཀྱི་ཐོ་ལུམ་མེ་འབར་བ་ཆུར་འཕངས་པ་ལྟ་བུའི་སྒྲ་འཇིགས་སུ་རུང་བ་ཞིག་བྱུང་ཞིང༌། ཆུ་དེ་ཡང་དེ་མ་ཐག་ནས་སུམ་གཉིས་བྲི་བ་ཙམ་དུ་སོང༌། དེར་རྗེ་རང་གིས་ཆུ་དེ་ལ་སྔོན་ལ་ཕེབས་ཤིང་དེ་རྗེས་སྒར་པ་གཞན་རྣམས་ཀྱང་བར་ཆད་མེད་པ་ཆུའི་ཕ་རོལ་ཏུ་སླེབ། དེར་གནས་པ་ཙམ་ན་ཆུ་དེ་སྔར་བས་ཀྱང་བཅུ་འགྱུར་ཙམ་གྱིས་ཆེ་བ་ཙམ་དུ་སོང་བས་སྒར་པ་ཐམས་ཅད་འཇིགས་ཤིང་སྐྲག་ལ་ངོ་མཚར་ཞིང་བློ་བདེ་བར་གྱུར། རྗེའི་གསུང་ནས་ད་མགོན་པོ་ལ་གཏང་རག་གི་མཆོད་གཏོར་ཕུལ། ཐམས་ཅད་ཇ་