[A:༡༣༠]སླ་ལ། གཉིས་ཀའི་རྣ་བར་སྙན་པ་ནི་སྡེབ་སྦྱོར་གྱི་གཙུག་ལག་ཤེས་པ་ལ་འབྱུང༌། ཞེས་གསུངས་པ་ལྟར། ཚིག་དོན་འབྲེལ་ཆགས་ཤིང༌། ཀུན་གྱི་བློ་ཡུལ་དུ་འཇེབས་པ་ཞིག་འབྱུང་བ་ཡིན་ལ། དེ་ལྟ་བུའི་གསུང་རྩོམ་ཇི་ལྟར་མཛད་པའི་ཚུལ་ཕྱོགས་ཙམ་བརྗོད་ན། ཐོག་མར་རྗེ་སེམས་དཔའ་ཆེན་པོ་ལ་གསན་པའི་དུས་ཀྱི་གསུང་ངག་རིན་པོ་ཆེའི་ཁྲིད་ཀྱི་ཡི་གེ །དེ་ལ་ཉེ་བར་མཁོ་བའི་ཡི་གེ་ལ། གཙོ་ཆེའི་ཆོས་སྣ་སུམ་ཅུ་དགུའི་ངོས་འཛིན་གྱི་ཡི་གེ །མཎྜལ་ཚོམ་བུ་ལྔ་པ་ལ་བརྟེན་པའི་སེམས་བསྐྱེད་ཀྱི་ཆོ་ག །དམ་ཚིག་རྣམ་བཤད། འཁྲུལ་སྤོང་རབ་གསལ། རྡོ་རྗེ་དྲིལ་བུའི་རྣམ་བཤད། བདུད་རྩི་རིལ་བུའི་སྒྲུབ་ཚུལ་ལག་ལེན་གྱི་ཡི་གེ་ཤིན་ཏུ་གསལ་བ། ཨུཥྞཱི་ཥའི་སྲུང་འཁོར་གྱི་མན་ངག །གཞལ་ཡས་ཁང་གི་ཆ་ཚད། མངོན་བྱང་གི་རྒྱས་བཤད། འཁོར་འདས་དབྱེར་མེད་ཀྱི་མཐའ་དཔྱོད། ལམ་དུས་ཀྱི་དབང་ཆོག་ཤིན་ཏུ་གསལ་བ། ལམ་ཟབ་མོ་བླ་མའི་རྣལ་འབྱོར་གྱི་ཡི་གེ་མཆན་བུ་དང་བཅས་པ་ཟབ་ཅིང་རྒྱས་པ། བརྡ་དོན་གསལ་བའི་ཁྲིད་ཡིག །ལམ་སྦས་བཤད་ཀྱི་ཁྲིད་ཀྱི་ལག་ལེན། གཞན་ཡང་གསུང་ངག་བླ་མ་བརྒྱུད་པའི་གསོལ་འདེབས་ཀྱི་ཁ་བསྐང༌། རྗེ་མུས་ཆེན་གྱི་བསྟོད་པ། ཡབ་འཇམ་དབྱངས་ཆེན་པོ་ལ་བསྟོད་པ། རྗེ་སེམས་དཔའ་ཆེན་པོའི་རྣམ་ཐར། ཤིན་ཏུ་སྤྲོས་པ་མེད་པའི་རྫོགས་རིམ་གྱི་ཡི་གེ །འཇིགས་བྱེད་ས་ལུགས་ཀྱི་མངོན་རྟོགས། རྭ་ལུགས་ཀྱི་དྲུག་ཅུ་པའི་གཏོར་ཆོག །བདེ་མཆོག་རྡོ་རྗེ་ལྷ་མོའི་ཚེ་སྒྲུབ་ཀྱི་ཡི་གེ །ཚོགས་བདག་དམར་ཆེན་གྱི་བྱིན་རླབས་ཀྱི་གསལ་བྱེད། དེའི་ཞལ་ཤེས་ཀྱི་ཡིག་ཆུང༌། ནག་པོ་ཆེན་པོའི་ཆོས་