[A:༤༣]པ་ཡང་དག་ནི་རྒྱལ་བ་སྲས་དང་བཅས་པས་བསྐལ་པ་དུ་མའི་བར་དུ་བརྗོད་ཀྱང་རྫོགས་པར་ག་ལ་ནུས་ན། བདག་ལྟ་བུས་ཅི་ཞིག་བརྗོད་པར་བྱ། འོན་ཀྱང་དུས་འདིར་གངས་རིའི་ལྗོངས་སུ་སྐལ་བ་མཉམ་པའི་གང་ཟག་དག་ལ་ཇི་ལྟར་སྣང་བའི་ཆ་ཤས་ལས་བརྩམས་ཏེ་ཅུང་ཟད་ཙམ་གླེང་བར་བྱའོ། །འཆི་མེད་གྲུབ་པའི་རིགས་ཀྱི་ས་འཛིན་རྩེར། །འཇམ་དབྱངས་མཁྱེན་བརྩེའི་འཚམས་སྤྲིན་རོལ་པ་ལས། །ལེགས་འོངས་ཐུབ་བསྟན་པད་ཚལ་བཞད་པའི་གཉེན། །རྗེ་བཙུན་ཉིན་བྱེད་དབང་པོ་ལ་ཕྱག་འཚལ། །དེ་ལ་རྗེ་བཙུན་དམ་པ་འདིའི་རིགས་ཕུན་སུམ་ཚོགས་ཤིང་གཞན་ལས་ཁྱད་དུ་འཕགས་པའི་ཆེ་བ་ནི་འདི་ལྟར། སྔོན་གྱི་དུས་ན་འོད་གསལ་གྱི་ལྷའི་རིགས་ཆེ་བ་གནམ་ལྷར་སྤྱི་རིང་དང༌། བར་པ་གཡུ་རིང༌། ཆུང་བ་ཨུ་སེ་ཏེ། གནམ་ལྷ་མཆེད་གསུམ་དུ་གྲགས་པ་ཡུལ་མཐོ་ཞིང་ས་གཙང་བ་མངའ་རིས་སྟོད་ཀྱི་སའི་ཆའམ། ལོ་རྒྱུས་ཁ་ཅིག་ལས། བྱང་གི་རྒྱལ་མོ་ཤེལ་ཚའི་འགྲམ་དུ་བབས་པར་འདོད། གང་ལྟར་གནམ་ལྷ་གཡུ་རིང་གིས་རྨུའི་བུ་མོ་དང་ལྷན་ཅིག་ཞུགས་པ་ལས། སྲས་མ་སངས་སྤུན་བདུན་བྱུང་བའི་ནང་ནས། ཆུང་བ་མ་སངས་རྗེས་མི་ཡུལ་དུ་བཞུགས་པའི་སྲས་ཐོག་ཚ་དཔའ་བོ་སྟག །དེའི་སྲས་ཀླུ་ཚ་སྟག་དཔའ་བོ་ཆེ། དེའི་སྲས་གཡའ་སྤང་སྐྱེས། དེའི་སྲས་འཁོན་བར་སྐྱེས་ཡིན། འདི་མན་ལ་འཁོན་གྱི་གདུང་བརྒྱུད་དུ་གྲགས། དེའི་སྲས་འཁོན་དཔའ་བོ་ཆེ། འདིས་བོད་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་ནང་བློན་མཛད། དེ་ལ་སྲས་བཞི་བྱུང་བའི་གསུམ་པ་འདི་བོད་ཀྱི་བཙུན་པ་ལ་སྔ་བ། ལོ་ཙཱ་བ་སད་མི་བདུན་