[A:༡༣༢] ཁམས་པ་རྒྭ?སྒ་ལོ། ནེ་ཚེ་སྦལ་སྟོན། གཤེན་རྡོ་རྗེ་བཟང་པོའོ།
མདོར་ན། སྤྱིར་མདོ་རྒྱུད་ཀྱི་སྙིང་པོ་དང་། སྒོས་བླ་ཆེན་འབྲོག་མིའི་རྒྱུད་མན་ངག་གི་བཅུད་ཀྱི་སྙིང་པོ་འཛིན་པ་ནི། དཔལ་ས་སྐྱ་པ་ཆེན་པོ་འདི་ཁོ་ན་སྟེ། ཇི་སྐད་དུ། མ་དྲོས་ཡེ་ཤེས་ཞབས་ལས་རྒྱུན་བཞིའི་བླ་མ་ནི༎ རྒྱལ་པོ་རིགས་དང་སྙིང་པོ་སྣང་བའི་མཐའ་ཅན་སྟེ༎ རིག་དང་སྙིང་པོ་ཞབས་ལས་འབར་བ་འབར་བའི་མཐའ༎ རྒྱུན་བཞི་འཛིན་པའི་བླ་ཆེན་དེ་ལ་བདག་ཕྱག་འཚལ༎
ཞེས་པ་ལྟར་འབྲོག་མི་ལོ་ཙཱ་བ་མ་དྲོས་པའི་མཚོ་ཆེན་པོ་ལས། འཁོན་དཀོན་མཆོག་རྒྱལ་པོ། སེ་སྟོན་ཀུན་རིག། མངའ་རིས་པ་གསལ་བའི་སྙིང་པོ། འཕྱིན་ལོ་ཙཱ་བ་འོད་ཀྱི་སྣང་བ་སྟེ་གངྒ་ལ་སོགས་པའི་ཆུ་བོ་ཆེན་པོ་བཞི་དང་འདྲ་བའི་རྒྱུད་མན་ངག་གི་རྒྱུན་བབས། བླ་ཆེན་ས་སྐྱ་པ་ཆེན་པོའི་ཐུགས་ཀྱི་སྣོད་དུ་ཉེ་བར་གཟུང་བ་ཡིན་ཏེ། དེ་ཡང་རྒྱུན་ཐོག་མཐའ་གཉིས་ནི། འཁོན་དཀོན་མཆོག་རྒྱལ་པོས། འབྲོག་མི་དང་འཕྱིན་གཉིས་ཆར་ལ་དངོས་སུ་གསན་ཞིང་། དེ་ལ་བླ་ཆེན་ས་སྐྱ་པས་དངོས་སུ་གསན་པས་གྲུབ།
རྒྱུན་བར་པ་གཉིས་ནི། སེ་ལས་ཞང་སྟོན་ཆོས་འབར་དང་། མངའ་རིས་པ་ལས་སྒྱི་ཆུ་བ་དགྲ་ལྷ་འབར་གྱིས་གསན་ལ། དེ་གཉིས་ལ་ས་ཆེན་གྱིས་དངོས་སུ་གསན་པས་གྲུབ་པ་ཡིན་ནོ།
དེ་ལྟར་ན་ཡང་སྤྱིར་གསུང་ངག་ལམ་འབྲས་ཀྱི་བཀའ་སྲོལ་བཅོ་བརྒྱད་ཅེས་གྲགས་ཏེ། བླ་ཆེན་འབྲོག་མི་དང་གྱི་ཇོ་ལས་བརྒྱུད་པའི་ལམ་འབྲས་གཉིས་ལབ་ཀྱི་ཇོ་ལུགས་དང་གཅིག། དང་པོ་ལས་འཕེལ་བ་ལ། བླ་ཆེན་འབྲོག་མིའི་སྐུའི་སྲས་ཨིནྡྲ་དང་། རྡོ་རྗེ་ལས་བརྒྱུད་པའི་ལམ་འབྲས། ཐུགས་ཀྱི་