R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༡༥༤
[A:༡༥༤]༡༢༠༤
ལ་ཁ་ཆེ་པན་ཆེན་ཤཱཀྱ་ཤྲཱི་བྷ་དྲ་འཁོར་པན་ཆུང་དགུ་དང་བཅས་ཏེ་བོད་དུ་ཕེབས། དེའི་ཚེ་ཀོ་བྲག་པས་ལོ་ཉི་ཤུ་རྩ་བཞི། ཁྲོ་ལོས་སོ་གསུམ། ས་ལོས་ལོ་ཉི་ཤུ་རྩ་གསུམ། རྒོད་ཚང་པས་བཅུ་དྲུག་ལོན། དེས་ན་ཇོ་བོ་རྗེ་བོད་དུ་བྱོན་པའི་ཤིང་ཕོ་རྟ་ལོ་ནས། ལོ་བརྒྱ་དང་ལྔ་བཅུ་འདས་པའི་ང་གཅིག་པ་ཤིང་ཕོ་བྱི་ལོ་པན་ཆེན་ཤཱཀྱ་ཤྲཱི་བོད་དུ་བྱོན་པ་ཡིན་ཞེས་བྱའོ།
འཁོར་པན་ཆུང་དགུ་ནི། དབུ་ཕར་ལ་མཁས་པ་སུ་ག་ཏ་ཤྲཱི། སྔགས་འདུལ་ལ་མཁས་པ་ཛ་ཡ་རཏྣ། སྒྲ་དང་མངོན་པ་ལ་མཁས་པ་བི་བི་བྷུ་ཏི་ཙནྡྲ། ཚད་མ་ལ་མཁས་པ་དཱ་ན་ཤཱི་ལ། ཙནྡྲ་པ་ལ་མཁས་པ་སམ་གྷ་ཤྲཱི། མངོན་པ་གོང་འོག་ལ་མཁས་པ་སུ་མ་ཏི་གརབྷ། དུས་འཁོར་ལ་མཁས་པ་ཛི་ན་སུ་པ་ཏ། སྤྱོད་འཇུག་ལ་མཁས་པ་མ་ཧཱ་བོ་དྷི་རྣམས་སོ། དེ་ཡང་ཁ་ཆེ་ཁྲི་བརྟན་གྱི་བྱེ་བྲག་ཛ་ཤོ་དྷ་ར་ཞེས་པར་ཤིང་མོ་གླང་གི་ལོ་
སྤྱི་ལོ་༡༡༤༥
པན་ཆེན་འདི་ཉིད་སྐུ་བལྟམས། ལོ་བཅུ་པ་ལ་བྲམ་ཟེ་ལནྡྷ་ར་ལ་སྒྲ་རིག་གསན། ལོ་དགུ་ནས་ཉེར་གཉིས་བར་ལ་ཚངས་སྤྱོད་དགེ་བསྙེན་མཛད། ཉེར་གསུམ་པ་ལ་མཁན་པོ་སུ་ཁ་ཤྲཱི་བྷ་དྲ་བདེ་བ་དཔལ་བཟང་པོ་ལས་རབ་ཏུ་བྱུང་། ཉེར་དགུའི་བར་དུ་ཁ་ཆེར་བཞུགས། སུམ་ཅུ་པ་ལ་ཡུལ་དབུས་མ་ག་དྷར་བྱོན། མཁན་པོ་ཤནཏ་ཀ་ར་གུཔྟ་སྟེ་ཞི་བའི་འབྱུང་གནས་སྦས་པ་དང་། ད་ཤ་བྷ་ལ་དང་། གསང་སྟོན་དྷ་བར་ཀ་སོགས་བཅོ་བརྒྱད་ལས་བསྙེན་པར་རྫོགས། དྲུག་ཅུ་བཞེས་པའི་ཚེ་ཁྲོ་ལོ་ལོ་སོ་གསུམ་ལོན་པ་གཅིག་གིས་བྱི་ལོ་མཆུའི་ཟླ་བ་ལ་སྤྱན་འདྲེན་ལ་བྱོན་ཏེ་རྒྱ་གར་བཻ་དུརྱའི་ཚོག་འདུས་སུ་ཕེབས། ཤཱཀྱའི་བསྟན་ལ་ཤཱཀྱའི་སྲས་བལྟམས་ཤཱཀྱའི་མཚན། ཞེས་སོགས་ཀྱི་ཞུ་ཡིག་རྟེན་དང་བཅས་ཕུལ། བ་ནེ་ཤ་ར་བྱ་བ་པན་ཆེན་དང་