R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༢༠༤
[A:༢༠༤] ཕྱི་ཚར་དྲུག་ལ་པན་ཆེན་བཞི་ནི། སྣར་ཐང་ལོ་ཙཱ་བ་སམབྷ་བྷ་དྲ། ཡར་རྒྱབ་དབོན་པོ་པན་ཆེན་བསོད་ནམས་རྣམ་རྒྱལ། སློབ་འདར་བ་ལོ་ཆེན་གཞོན་ནུ་དཔལ། དྭགས་པོ་དབོན་པོ་པན་ཆེན་བཀྲ་ཤིས་རྣམ་རྒྱལ་ལོ། གསུང་སྒྲོས་འཛིན་པའི་མཁས་པ་བཅུ་གཉིས་ནི། ཁམས་སུ་ལྷ་འབྲི་སྟོན་པ་ཤེས་རབ་རྡོ་རྗེ་དང་། རིན་ཆེན་བློ་གྲོས་གཉིས། དབུས་སུ་བཟོད་ཆེན་ཕྱོགས་ལས་རྣམ་རྒྱལ་དང་། མཁས་གྲུབ་དོན་ཡོད་དཔལ་བ་གཉིས། དབུས་སུ་བཟོད་ཆེན་ཕྱོགས་ལས་རྣམ་རྒྱལ་དང་། མཁས་གྲུབ་དོན་ཡོད་དཔལ་བ་གཉིས། ཉང་སྟོད་པ་ཤེས་རབ་ལེགས་དཔལ། ངམ་རིང་པ་སངས་རྒྱས་གྲུབ། མངའ་རིས་སུ་འཇམ་དབྱངས་ཤེར་རྒྱལ་ལོ། ངེས་མེད་དུ་བཞུགས་པ་གཞུ་སྟོན་བསོད་ནམས་རིན་ཆེན། གསང་ཕུ་ནས་པནྜི་ཏ་ནམ་མཁའ་བསྟན་པ། གཙང་རོང་བྱམས་ཆེན་ནས་དཀར་ཤཱཀྱ་གྲགས། ཁམས་ནས་གོན་གྱོ་སྦྱིན་བཟང་དང་། ག་ཟི་བློ་གྲོས་སེང་གེ་རྣམས་སོ། ཡང་ཚར་བཞི་ནི། གསང་ཕུ་ནས་གྲ་སྟོན་པ་ཡོན་ཏན་རྒྱ་མཚོ་དང་། རྩེ་ཐང་ནས་ཆེན་པོ་དཔལ་འབྱོར་རྒྱ་མཚོ་གཉིས། ཁམས་སུ་གོ་བོ་རབ་འབྱམས་པ་ཤེས་རབ་དཔལ་དང་། གཙང་དུ་བྱམས་ཆེན་རབ་འབྱམས་པ་སངས་རྒྱས་འཕེལ་ཏེ་བཞིའོ། སུམ་སྟོང་ལྔ་བརྒྱ་དང་བརྒྱད་འདས་པའི་དགུ་པ་མེ་ཕོ་འབྲུག་
སྤྱི་ལོ་༡༣༧༦
ལ། ལ་སྟོད་ལྷོ་ཤྲཱི་སར་ས་ཏ་dm: པར་པ་ཏདཔལ་གྱི་རིའི་བྱང་ངོས་ཀྱི་འབྲོག་སྡེ་ཆེན་པོར། བོ་དོང་ཕྱོགས་ལས་རྣམ་རྒྱལ་བྱོན། ལོ་བདུན་པ་ལ། གྱི་དགོན་པར་རང་གི་ཞང་པོ་ལོ་ཆེན་གྲགས་པའི་དྲུང་དུ་རབ་ཏུ་བྱུང་། མཚན་སངས་རྒྱས་རྒྱལ་མཚན་གསོལ། སླར་བོ་དོང་ཨེར་ལོ་ཆེན་དེ་ཉིད་ལས་དགེ་ཚུལ་དུ་བསྒྲུབས་ཏེ། མཚན་ཆོས་ཀྱི་རྒྱལ་མཚན་དུ་བཏགས། ལོ་བཅུ་དྲུག་པ་ལ་དཔལ་ལྡན་ས་སྐྱར་རྣམ་