R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༢༢༥
[A:༢༢༥] རྡོར་མོ་ཞེས་བྱ་བ་རྙིང་མའི་གྲུབ་ཐོབ་ཆེན་པོ་དང་། དེ་ནས་རྣམ་གྲོལ་བ་ཀུན་རིན་ཞེས་བྱ་བ་སྒྱུ་འཕྲུལ་སྡེ་བརྒྱད་སོགས་ལ་མངའ་བསྙེས་པའི་མཁས་གྲུབ་ཆེན་པོ་སོགས་མང་དུ་བྱོན་ནོ། ཐུག་དམ་གྱི་རིམ་པ་ཡང་། ཐོ་རེངས་ལམ་ཟབ་བིར་སྲུངས་ཐུན་མོང་མིན་པ། དེ་ནས་མཆོད་གཏོར་རྒྱས་པ་དང་འབྲེལ་བའི་ལམ་ཡབ་ལ་བརྟེན་པའི་ལམ་དུས་རྒྱས་པ། དེ་ནས་དཀར་ཆབ་བཞི་དང་། རྡོ་རྗེ་མཁའ་འགྲོའི་སྦྱིན་སྲེག དེ་ནས་གསོལ་བ། དེ་ནས་མཆོད་གཏོར་འབྲང་དང་འབྲེལ་བའི་ལམ་དུས་འབྲིང་པོ། དེ་ནས་ཡུལ་དང་། གུར་རེགས་སྡུས། སམ་ཊའི་མཚོན་བྱ་ཅན་མན་ངག་ལུང་ལ་བརྟེན་པའི་ལམ་དུས་རྒྱས་འབྲིང་བསྡུས་གསུམ། དེ་ནས་གུང་ཚིགས། དེ་ནས་ཟབ་ཚང་མཆད་པ་དང་རྩོམ་པ་སོགས་མཛད། དེ་ནས་མཆོད་གཏོར་རྒྱས་པ་ལམ་དུས་རྒྱས་པ། སྒྲུབ་པ་ལུང་སྦྱིན་གྱི་ཉམས་བཞེས་སོགས་མཛད་དོ། མདོར་ན་རང་གཞན་གྱི་དོན་མཐར་ཕྱིན་ཏེ་དོན་ལྔ་པ་ཉེར་བཞི་ལ་དག་པའི་དབྱིངས་སུ་དཔལ་ལྡན་ས་སྐྱའི་གྲང་མོ་ཆེ་དེ་ཉིད་དུ་གཤེགས་སོ། སུམ་སྟོང་ལྔ་བརྒྱ་དང་ཞེ་གསུམ་འདས་པའི་ཞེ་བཞི་པ་ལྕགས་མོ་ཡོས་
སྤྱི་ལོ་༡༤༡༡
ལོར། བསྟན་པའི་གསལ་བྱེད་བྱམས་ཆེན་རབ་འབྱམས་པ་རོང་གི་སྣར་རྡོ་སྤེ་ཞེས་པར་བྱོན། ལོ་བདུན་པ་ལ་ཆོས་འཁོར་སྒང་དུ་སེང་གེ་རྒྱལ་མཚན་ལས་རབ་ཏུ་བྱུང་། བཅུ་གསུམ་པ་%སུམ་ལ་%གསང་ཕུ་ནེའུ་ཐོག་ཏུ་ཕྱག་ཕེབས། ཤངས་སྟོན་རིན་ཆེན་གྲུབ་པ་ལ་གསན་པ་མཛད་ཅིང་། བཅུ་བཞི་པ་ལ་མངོན་དགའི་ཆོས་གྲྭར་དཀའ་བའི་གྲྭ་སྐོར་གནང་བས་སྐྱོག་པོ་དཀའ་བཞི་པར་གྲགས། བཅོ་བརྒྱད་པར་རྩེ་ཐང་མཉམ་སོགས་