R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༢༤༨
[A:༢༤༨]སུམ་སྟོང་ལྔ་བརྒྱ་དང་དྲུག་ཅུ་རྩ་གཉིས་པ་ས་མོ་བྱ་
སྤྱི་ལོ་༡༤༢༩
ལ་ངོར་དགོན་གསར་བྱོན། འདེབས་མཁན་རྡོ་རྗེ་འཆང་གིས་བཞི་བཅུ་རྩ་བརྒྱད་ལོན་པ་ནའོ། ས་མོ་བྱ་ནས་བརྒྱ་དང་སོ་དྲུག་ལོན་(དཔལ་འཁོར་ཆོས་སྡེ་ཡང་ས་མོ་བྱ་ལོ་པ་སྟེ་ཨེ་ཝཾ་དང་ན་མཉམ་ཡིན་ཟེར་རོ) །
སུམ་སྟོང་ལྔ་བརྒྱ་དང་དྲུག་ཅུ་རྩ་དགུ་པ་མེ་འབྲུག་
སྤྱི་ལོ་༡༤༣༦
ལ་ནཱ་ལེནྡྲ་བྱོན། དེ་ནས་བརྒྱ་དང་ཉི་ཤུ་རྩ་དགུ། འདེབས་མཁན་རོང་སྟོན་གྱིས་བདུན་ཅུ་ལོན་པའི་ཚེའོ། སུམ་ལྔ་བརྒྱ་དང་བརྒྱད་ཅུ་པ་མེ་མོ་ཡོས་
སྤྱི་ལོ་༡༤༤༧
ལ་བཀྲ་ཤིས་ལྷུན་པོ་བྱོན། འདེབས་མཁན་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་ཀྱིས་ལོ་ང་བདུན་ལོན་པའི་ཚེའོ། འདི་འབྲས་ཡུལ་བས་ལོ་གཉིས་སྔ་ཙམ་མོ། སུམ་སྟོང་ལྔ་བརྒྱ་དང་བརྒྱད་ཅུ་རྩ་གཉིས་པ་ས་མོ་སྦྲུལ་
སྤྱི་ལོ་༡༤༤༩
ལ་འབྲས་ཡུལ་སྐྱེད་ཚལ་བྱོན། དེ་ནས་བརྒྱ་དང་བཅུ་དྲུག འདེབས་མཁན་བྱམས་ཆེན་རབ་འབྱམས་པས་སོ་དགུ་ལོན་པའི་ཚེའོ།
སུམ་སྟོང་ལྔ་བརྒྱ་དང་བརྒྱད་ཅུ་རྩ་དྲུག་པ་ས་(ཆུ་) མོ་བྱ་
སྤྱི་ལོ་༡༤༥༣
ལ་མདོག་ཡ་ག་ཆོས་སྡིངས་བྱོན། དེ་ནས་བརྒྱ་དང་བཅུ་གཉིས། འདེབས་གམཁན་མཁས་བཙུན་དཔལ་ལྡན་བཟང་པོ།
སུམ་སྟོང་དྲུག་བརྒྱ་དང་ཉག་གཅིག་འདས་པའི་གཉིས་པ་ས་མོ་གླང་
སྤྱི་ལོ་༡༤༦༩
ལ་དཔལ་ཤཱཀྱ་མཆོག་ལྡན་ཞེ་གཉིས་ལོན་པའི་ཚེ་ཐུབ་བསྟན་གསེར་མདོག་ཅན་དུ་བཤད་པའི་གྲྭ་བཙུགས། ས་གླང་དེ་ནས་ཤིང་བྱི་བར་ལ་དགུ་བཅུ་རྩ་དྲུག
སུམ་སྟོང་དྲུག་བརྒྱ་དང་ལྔ་རུ་སླེབ་པ་ཆུ་ཕོ་འབྲུག་
སྤྱི་ལོ་༡༤༧༢
ལ་