R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༢༤༩
[A:༢༤༩]མདོག་ལོ་ཕུ་རྫོང་ལུགས་ཀྱི་སྔགས་དགོན་བྱོན། དེ་ནས་གོ་གསུམ། སྒྲུབ་ཆེན་ཆོས་རིན་གྱིས་ལྔ་བཅུ་རྩ་གཉིས་ལོན་ཚེ་བཏབ། སུམ་སྟོང་དྲུག་བརྒྱ་དང་ཉག་དྲུག་ཏུ་སླེབ་པ་ཆུ་མོ་སྦྲུལ་
སྤྱི་ལོ་༡༤༧༣
ལ།
ཀུན་མཁྱེན་གོ་རབ་བྱམས་པས་ཞེ་ལྔ་ལོན་པའི་ཚེ་ཐུབ་བསྟན་རྣམ་པར་རྒྱལ་བའི་བཤད་གྲྭ་བཏབ། དེ་ནས་གོ་གཉིས། སུམ་སྟོང་དྲུག་བརྒྱ་ཉི་ཤུ་རྩ་གཉིས་པ་ས་མོ་བྱ་
སྤྱི་ལོ་༡༤༨༩
ལ་ཐུབ་བསྟན་མཉན་ཡོད་བྱ་གཤོངས་དཔལ་འབུམ་ཕྲག་གསུམ་པས་ལྔ་བཅུ་རྩ་བདུན་ལོན་ཚེ་བཏབ། དེ་ནས་བདུན་ཅུ་རྩ་དྲུག་ལོན། ཐུབ་བསྟན་ཡངས་ཆེན་དེ་ནས་ལོ་བཞི་ས་བྱི་ལོར་བཏབ།
སུམ་སྟོང་དྲུག་བརྒྱ་སོ་ལྔ་པ་ཆུ་ཕོ་ཁྱི་
སྤྱི་ལོ་༡༥༠༢
ལོ་བགྱི་(སྐྱི) ཆུ་རྫོང་ལུགས་ཀྱི་སྔགས་དགོན་བྱོན། དེ་ནས་དྲུག་ཅུ་རྩ་གསུམ། འདེབས་མཁན་བྱམས་པ་དཀོན་མཆོག་དཔལ། དགུང་ལོ་ལྔ་བཅུ་རྩ་བཞིའི་སྟེང་དུ་བཏབ།
གངས་ཅན་གྱི་ལྗོངས་འདིར་ཁྲོ་ཕུ་བྱམས་ཆེན་ཞེས་གྲགས་པ་ནི། པཎ་ཆེན་ཤཱཀྱ་ཤྲཱི་བོད་དུ་བྱོན་པའི་ཤིང་ཕོ་ཁྱི་ལོ་ནས་འགོ་བརྩམས་ཏེ། སུམ་སྟོང་སུམ་བརྒྱ་ཞེ་བཞི་འདས་པའི་བཞི་བཅུ་རྩ་ལྔ་པ། ཆུ་ཕོ་སྤྲེལ་
སྤྱི་ལོ་༡༤༡༢
ལོར། པན་ཆེན་དེ་ཉིད་ཀྱི་གཙོ་བྱས་ཏེ་རབ་ཏུ་གནས་པའི་མེ་ཏོག་གཏོར། ཁྲོ་ལོ་བྱམས་པ་དཔལ་ལོ་ཞེ་གཅིག་ལོན་པའི་ཚེ་ཡིན། མེ་ཏོག་འཐོར་རྒྱ་ཕོ་སྤྲེལ་ལོ་ནས། སུམ་བརྒྱ་ལྔ་བཅུ་རྩ་གསུམ་ལོན་པ་འདི་ཡིན་ནོ། རབ་གནས་མཁན་པོ་པཎ་ཆེན་གྱི་
སུམ་སྟོང་ལྔ་བརྒྱ་དང་དྲུག་ཅུ་རྩ་དྲུག་