[A:༢༩༢]དེ་བཞིན་དུ་བཟོ་རིག་པ་ཡང་རྒྱ་བོད་ཀྱི་མཁས་པ་རྣམས་ལས་ལེགས་པར་སྦྱངས་ཤིང་། རི་མོ་དང་སྐུ་གཟུགས་ཀྱི་མཚན་ཉིད་དང་། ཆ་ཚད་ལ་སོགས་པ་མདོ་རྒྱུད་ཀྱི་ལུང་དང་མཐུན་པར་མཁྱེན་ཅིང་། ཞར་བྱུང་བརྟག་པ་རྣམ་པ་བརྒྱད་ཀྱང་ཁོང་དུ་ཆུད། དེ་དག་གི་མཚན་ཉིད་སྟོན་པའི་སྐུ་གཟུགས་ཀྱི་བསྟན་བཅོས་དང་། བརྟག་པའི་བསྟན་བཅོས་སོགས་ཡོད་པར་གསུངས་ཀྱང་། དེང་སང་དཔེ་རྒྱུན་མཐོང་བ་མ་བྱུང་ལ། དེའི་ཕྱིར་ཉིད་ཀྱི་གསུང་ལས། ཤེས་བྱའི་མེ་ཏོག་ཡོན་ཏན་དྲི་བསུང་ཅན། །སྙན་པའི་མདོག་མཛེས་ཀུན་གྱིས་བསྔགས་ན་ཡང་། །སྦྲང་རྩི་འཛིན་པ་ཀུན་དགའ་རྒྱལ་མཚན་དཔལ། །བཟང་པོ་མིན་པས་ཤེས་བྱའི་བཅུད་མ་རྙེད། །ཅེས་གསུངས་ཤིང་། དེ་བཞིན་དུ་བསྟོན་པ་མཛད་པས་ཀྱང་། ལུས་ངག་ཡིད་དང་བཟོ་དང་མཆོག་ཕལ་གྱི། །གཟུགས་བརྙན་བསྐྲུན་ལ་ཚད་དང་འཕྲུལ་གྱི་དབྱིབས། །སྣ་ཚོགས་བྱེད་པོ་ལས་ཚུལ་མཚར་སྡུག་གི། །ཚོན་བརྒྱ་འདྲེན་པ་དཔྱོད་ལྡན་དགའ་བའི་གཉེན། །ཞེས་སོགས་དང་། གསོ་བ་རིག་པའི་ཚུལ་ཡང་། སྤྱིར་ཕྱི་ནང་གི་གཞུང་ལུགས་དུ་མ་ལས་བྱུང་བ་རྣམས་དང་། ཁྱད་པར་ཡན་ཡག་བརྒྱད་པའི་སྙིང་པོ་འགྲེལ་པ་ཟླ་ཟེར་དང་བཅས་པ་ཐུགས་སུ་ཆུད་ཅིང་། དེ་དག་གི་དོན་ལེགས་པར་སྟོན་པའི་བསྟན་བཅོས་ཡན་ལག་བརྒྱད་པའི་བསྡུས་པ་ཞེས་བྱ་བ་མཛད་པ་ཡིན་ཏེ། ཇི་སྐད་དུ། བསྟོད་པ་མཛད་པས། མ་རིག་རྩ་བ་ཞི་བརྒྱ་རྩ་བཞིའི་ནད། །འཕེལ་ཟད་འཁྲུག་པའི་གཉེན་པོ་ཚེའི་རིག་བྱེད། །ཐར་པའི་འཚོ་སྲོག་བསྲུང་བའི་ཐབས་ཚུལ་སྟོང་། །ཇི་བཞིན་མཁྱེན་པ་དེ་འདྲ་གཞན་གྱིས་མིན། །ཞེས་གསུངས་སོ། །
ནང་རིག་པ་ནི། རྒྱ་བོད་ཀྱི་བླ་མ་རྣམས་ལས། བསམ་པའི་ར་བ་ལས་