[A:༣༠༠]བདུན་པ་ལ་མཁན་ཆེན་གསེར་ཁང་པ་དང་། མེས་སྟོན་འདུལ་འཛིན་པ་ལས་རབ་ཏུ་བྱུང་།
བཅུ་པ་ལ་མདོ་རྩ་ཊཱིཀྐ་དང་བཅས་པ་ཁྱི་བདུན་གྱིས་བདས་ཀྱང་ཐོན་པ་བྱུང་། སྔོན་ཚེ་སྦྱངས་པས་སྐྱེ་བ་འདིར། །གཞུང་རྣམས་རྩེད་མོའི་ཞོར་ལ་ཤེས། །ཞེས་གསུངས། གྲོགས་ཤིག་གིས་ཆུ་ལ་ཁུར་བས་ཁྱེད་སྟོབས་ཆེས་སངས་རྒྱས་བསྟན་པ་རངས་པོ་ཁུར་བས་ཐེག་འགྲོ་བ་འདུག་གསུངས་པས། དེས་འཐབ་སྐད་དོ། །
བཅུ་གསུམ་པ་ལ་ཚ་ནར་རྟག་བདེ་བའི་དྲུང་དུ་བྱོན། ལོ་དྲུག་བར་མ་ཆད་དུབསྟེན་ནས། ཕར་ཚད་མངོན་གསུམ། དབུ་མ། ཁྱད་པར་དུ་དུས་འཁོར་ལ་སྦྱངས་པས། བུམ་པ་གང་བྱོའི་ཚུལ་དུ་མཁས་པར་མཁྱེན། ཕྱི་ནང་གཞན་གསུམ་དོན་སྟོན་པའི། །རྒྱུད་འགྲེལ་ཚིག་དོ་ནརང་བཤད་ནས། །རྡོ་རྗེ་ཐེག་པར་བློ་ཕྱོགས་མཛད། །གསང་བའི་དོན་སྟོན་བླ་མར་འདུདུ། །བསམས་བཞིན་ཡང་བླ་མ་འདི་བཀའ་དྲིན་ཆེ། །རྟག་བདེ་བ་འདི་བཀའ་དྲིན་ཆེ། །བཀའ་དྲིན་ཅན་གྱི་བླ་མ་ལ། །གུས་པས་ཕྱག་འཚལ་སྐྱབས་སུ་མཆི། །ཞེས་སོགས་གསོལ་འདེབས་ཀྱང་མཛད།
བཅུ་དགུ་པ་ལ་རྟག་བདེ་བ་སྐུ་གཤེགས་ནས། མང་མཁར་ཁྲ་ཚང་དུ་ལོ་མཆོག་པ་ལ་དུས་འཁོར་ཤོང་ལུགས། ཀ་ཙན་མེ་ལོང་། རོང་པ་ཤེས་རབ་སེང་གེ་ལ་དུས་འཁོར་རྭ་ལུགས། ས་སྐྱར་འཇམ་སྐྱ་བ་ལ་བརྟག་གཉིས། རྣམ་འགྲེལ། རིག་གཏེར་གསན༎
ཉི་ཤུ་པ་ལ་གསེར་ཁང་པས་མཁན་པོ། མེ་ཏོག་པས་ལས་སློབ། བྱང་སྟོན་པས་གསང་སྟོན་མཛད་དེ་བསྙེན་པར་རྫོགས། ཨ་ཙ་ར་བྱུང་ཚད་ལ་