[A:༣༡༦]གཞོན་ནུ་མ་བདུན་གྱི་རྟོགས་བརྗོད། རྒྱུད་སྡེ་ལས་མཚན་བརྗོད་འགྲེལ་པ་ཕན་ཡོན་དང་བཅས་པ། དུས་འཁོར་གྱི་དབང་མདོར་བསྟན། བསྡུས་རྒྱུད་རྩ་འགྲེལ། དོན་དམ་སྙེ་མ། རྟ་འདོད་མདོར་བསྟན། དུས་འཁོར་སྒྲུབ་ཐབས་མཻ་དྲི་པས་མཛད་པ། བརྟག་གཉིས། གུར། སམྦུ་ཊི། གུར་གྱི་འགྲེལ་པ་ལྷའི་རིགས་ཀྱི་བློ་གྲོས། ཀྱེ་རྡོ་རྗེའི་འགྲེལ་པ་པདྨ་ཅན་གྱི་དཀའ་འགྲེལ། གསང་འདུས་རྩ་རྒྱུད། འགྲེལ་པ་སྒྲོན་གསལ། བདེ་མཆོག་རྩ་རྒྱུད་ཕྱག་རྡོར་བསྟོད་འགྲེལ། རྡོ་རྗེ་སྙིང་འགྲེལ། བདེ་མཆོག་སྡོམ་འབྱུང་གི་རྒྱུད། ཨཱརྻ་དེ་ཝའི་སྤྱོད་བསྡུས་སྒྲོན་མེ། རིམ་ལྔ། མདོར་བྱས། མདོ་བསྲེ། སེམས་ཀྱི་སྒྲིབ་སྦྱོང་རྣམས་དང་། བསླབ་བཏུས། ཆེད་དུ་བརྗོད་པའི་ཚོམས། མདོ་སྡེ་ལས་བརྒྱ་པ། ཨ་བྷ་ཡའི་ཕྲེང་བ་སྐོར་གསུམ། དར་པཎ་ཨཱཙརྻའི་ཀྲི་ཡ་ས་མུཉྫ། མངོན་པ་མཛོད་རྩ་བ། རང་འགྲེལ། དེ་འགྲེལ་བློ་བརྟན། སྒྲ་ཀ་ལཱ་པ། འགྲེལ་པ་དུར་སིང་། ཨུ་ཎ་སོགས་ཀྱི་འགྲེལ་པ། བྱིངས་མདོ། ཙནྡྲ་པ། འགྲེལ་པ་ཆོས་འབངས། དེའི་འགྲེལ་བཤད་རཏྣ་མ་ཏི། མངོན་བརྗོད་འཆི་མེད་མཛོད། འགྲེལ་པ་འདོད་འཇོ། མངོན་བརྗོད་སྣ་ཚོགས་གསལ་བ། སྡེབ་སྦྱོར་རིན་ཆེན་འབྱུང་གནས། སྨན་ཡན་ལག་བརྒྱད་པ་སྟེ་འདི་རྣམས་ཀྱི་རྒྱ་དཔེ་དང་བོད་དཔེ་སྦྱར་བའི་བརྡ་ཐོག་ཚིག་དོན་ལ་དཔྱོད་པ་ཞུགས་པས། སྔོན་གྱི་ལོ་ཙཱ་བ་རྣམས་ཀྱིས་ཆོས་བསྒྱུར་ཚུལ། རྗེས་སུ་དཔག་པའི་སྒོ་ནས་རྟོགས་པར་གྱུར་པ་ལགས།
དེ་དག་གི་སྐབས་སུ་སྡིག་པ་དག་པའི་རྟགས་ཁྲུས་བྱས་པ་དང་། ཆུའི་གསེབ་ནས་འོ་མ་འཐུང་བ་ད་ང། གླེགས་བམ་རྒྱ་དཔེ་བོད་དཔེ་གསེར་གྱི་ངོས་ལ་པདྨ་རཱ་གས་བྲིས་པ་དང་། དར་དང་གོས་ཆེན་གྱི་ངོས་ལ་ལྷ་དང་ཡི་གེ་སྤེལ་ཏེ་བྲིས་པ་མ་མང་བ་སོགས་རྨི་ལམ་དུ་བྱུང་། ཨི། ཞེས་ཕྱག་བྲིས་ངོ་