R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༣༡༩
[A:༣༡༩]གྱི་ལྗོངས་ཐམས་ཅད་ཁྱབ་སྟེ་བསྟན་པ་རིན་པོ་ཆེ་གསལ་བར་མཛད་ཅིང་། དེར་མ་ཟད་རྗེ་བཙུན་ལོ་ཙཱ་བ་ཆེན་པོ་དཔོན་སློབ་འདི་ཉིད་ཀྱི་བཀའ་དྲིན་ལས། དེང?དིང་སང་གི་བར་དུ་བཤད་རྒྱུན་ཆེར་རྒྱས་ཤིང་། སླད་ནས་ཀྱང་མི་ཉམས་པ་བསྟན་པ་ཇི་སྲིད་གནས་ཀྱི་བར་དུ་དར་ཞིང་རྒྱས་པ་ནི་ཐུགས་རྗེ་དང་སྨོན་ལམ་གྱི་མཐུ་ལས་སོ། ། གཞན་ཡང་སྔགས་ཀྱི་བཤད་རྒྱུད་འཛིན་པའི་སློབ་མ་ནི། མཁས་གྲུབ་ཨོ་རྒྱན་རྫོང་པ། རྩེས་ཐང་འབུམ་རམས་པ། མཁན་ཆོས་གྲུབ་སོང་གེ། རྗེ་བཙུན་རྡོ་རིངས་པ་ཆེན་པོ་སོགས་མང་དུ་ཡོད་པ་རྣམས་ཀྱིས་ཀྱང་དབང་བཤད་ཁྲིད་རྒྱུན་སོགས་རྒྱས་པར་སྤེལ་བ་ཡིན་ནོ། གྱ་བདུན་པ་ལ་རང་གི་དབོན་ལོ་ཙཱ་བ་པདྨ་དཀར་པོ་གདན་སར་བསྐོར། དགུང་ལོ་བརྒྱད་ཅུ་རྩ་བརྒྱད་ལ་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་བདེ་བར་གཤེགས། དབོན་ལོ་ཙཱ་བས་ཕྱི་རྟེན་ནང་རྟེན་གཤེགས་རྫོངས་དཔག་ཏུ་མེད་པས་དགོངས་པ་རྫོགས་པར་མཛད་ཅིང་། གདན་ས་ཡུན་རིང་དུ་བསྐྱངས། ཉིད་ཀྱི་གསུང་རྒྱུན་སྔགས་དང་རིག་གནས་ཀྱི་བསྟན་པ་རྒྱས་པར་སྤེལ། ཉིད་ཀྱི་ཞལ་སློབ་རྣམས་ཀྱི་མཆོག་རྗེ་བཙུན་ས་ལོ་ཙཱ་བ་ནི། ལོ་ཆེན་ཉིད་ཀྱིས་ཀྱང་ཚེ་འདིར་ལན་རེ་ཟུང་རེ་ཚོས་ཙམ་གྱིས་གཞུང་ལུགས་ཀུན་ཤེས། ཆོས་ཀྱ་ཨིརྗེ་ས་པཎྜི་ཏ་དང་ངེས་པར་གཉིས་སུ་མེད་པའོ། །ཞེས་གུས་པའི་ཐལ་མོ་ཡང་ཡང་ཟུམ་པར་མཛད་ཅིང་། ཉིད་ཀྱི་གསུང་ལས་ཀྱང་། འགོས་ལོ་དྷརྨ་པ་ལའི་ཞལ་སྔ་ནས། །དུས་ཀྱི་འཁོར་ལོའི་དབང་བསྐུར་ས་ལུགས་དང་། །ཇོ་ཞལ་ལུགས་ཀྱི་སྦྱོར་དྲུག་ལ་སོགས་ཞུས། ཀ་ལྔ་ཙནྡྲ་རིན་ཆེན་འབྱུང་གནས་དང་།