[A:༣༡༨]ང་ལྔ་པ་ལ་གྲྭ་པ་མངོན་ཤེས་ཅན་གྱི་གདན་སར་ཕེབས།
དོན་བཞི་པ་ལ་བུ་སྟོན་རིན་པོ་ཆེའི་གནད་སར་ཕེབས་ཏེ། སྤྱིར་མདོ་སྔགས་གཉིས་དང་། ལྷག་པར་རིག་གནས་ལ་བཤད་རྒྱུན་ཡང་ཡང་སྤེལ། གསུང་རྩོམ་ཀྱང་ཀ་ཙན་གྱི་སྤྱི་དོན། འགྲེལ་པ་རྣམ་པ་གཉིས། བྱིངས་མདོའི་བསྡུས་དོན། ཀ་ལཱ་པའི་ས་བཅད། ཉེར་བསྒྱུར་གྱི་འགྲེལ་པ་རྒྱས་འབྲིང་བསྡུས་གསུམ། སྙན་ངག་མེ་ལོང་གི་འགྲེལ་པ། སྡེབ་སྦྱོར་གྱི་གནད་བསྡུས་པ། དག་ཡིག་ཟ་མ་ཏོག ཨཥྚའི་བྱིངས་སྒྲུབ་པ་སོགས་སྔགས་ཀྱི་བྱིངས་སྒྲུབ་མང་པོ། མཚམས་སྦྱོར་གྱི་འགྲེལ་པ་གཉིས་སོགས་བསྟན་བཅོས་ཀྱང་མང་དུ་མཛད་པས་གངས་རིའི་ཁྲོད་ཀྱི་བློ་གསལ་གཟུར་གནས་ཐམས་ཅད་ཀྱི་བཀུར་སྟིའི་གནས་དམ་པ་དང་། ལཤག་པར་རིག་གནས་ཀྱི་བསྟན་པའི་བདག་པོར་འགྱུར་པ་ཡིན་ནོ། །
དེ་ལྟར་གསུང་ལས་སྐྱེས་པའི་ཐོས་པ་འཛིན་པ་ཡང་གངས་རིའི་ཁྲོད་ཀྱི་མཁས་པ་དང་གྲུབ་པ་ཐམས་ཅད་ཀྱི་ཆོད་པན་དམ་པ་འཇམ་དབྱངས་པ་ལོ་ཙཱ་བ་གཉིས་པ་ཀུན་དགའ་བསོད་ནམས་གྲགས་པ་རྒྱལ་མཚན་དཔལ་བཟང་པོ། །རྗེ་བཙུན་སྤྲུལ་པའི་ལོ་ཙཱ་བ་རཏྣ་བྷ་དྲ། མཐུ་སྟོབས་ཆོས་རྗེ་ངག་དབང་བསོད་ནམས་མཚན་ཅན། ཉིད་ཀྱི་དབོན་པོ་ལོ་ཙཱ་བ་ཆེན་པོ་པདྨ་དཀར་པོ། སྐྱོབ་ལོ་ཙཱ་བ་ངག་དབང་རིན་ཆེན་བཀྲ་ཤིས། ཀ་ཙན་གྱི་དོན་ཁོང་དུ་ཆུད་ཅིང་། གངས་ཅན་གྱི་བརྡའི་ཚུལ་ལ་མ་རྨོངས་པའི་གཡའ་བཟང་པ་མཁས་བཙུན་དབང་པོ་ལ་སོགས་ཏེ། མཁས་པ་ཆེན་པོ་ས་སྐྱ་ལོ་ཙཱ་སོགས། །ལོ་ཙཱ་ལེགས་པར་ཤེས་པ་རྣམ་དགུ་དང་། །གངས་ཅན་ཁྲོད་ན་ཐ་སྙད་གཙུག་ལག་ལ། །ལེགས་པར་བྱ་བའི་མཁས་པ་དུ་མ་ཡོད། ཅེས་གསུངས་པ་ལྟར་ལོ་ཙཱ་བ་ཆེན་པོ་དགུ་དང་། ཐ་སྙད་རིག་གནས་ལ་མཁས་པ་དཔག་ཏུ་མེད་པས་གངས་ཅན་