R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༦༠
[A:༦༠] པའི་ཕྱིར་རོ། དེས་ན་ཁོ་བོས་ནི་འདི་ལ་ལུགས་མི་འདྲ་བ་བཞི་ཙམ་ཞིག་ཐོ་ཤིང་མཐོང་སྟེ། བཅོམ་ལྡན་རལ་གྲིས་བསྟན་རྒྱན་འབྲིང་པོ་ལས་བསྟན་པ་མེད་པ་ལོ་བདུན་ཅུ་བྱུང་བར་བཤད་པའི་ལུགས་དང་། འབྲོམ་སྟོན་གྱིས་དོན་བདུན་བཤད་པའི་ལུགས་དང་། ནེལ་པ་པནྜི་ཏ་སྨོན་ལམ་ཚུལ་ཁྲིམས་སོགས་ཀྱིས་བརྒྱ་རྩ་བརྒྱད་བྱུང་བར་བཤད་པའི་ལུགས་དང་། མཁས་པ་འགའ་ཞིག་གིས་དྲུག་ཅུ་རེ་གསུམ་བྱུང་བར་བཤད་པའི་ལུགས་དང་བཞི་ཡོད་པ་ལས། ཁོ་བོ་ནི་རེ་ཞིག། དུས་གསུམ་རྩ་བར། དེ་ལ་བརྒྱ་དང་ཉེར་བདུན་ཕྲི༎ བསྟན་པ་ཕྱི་དར་བྱོན་པའི་ལོ༎ དང་པོ་ས་མོ་བྱ་ཡི་ལོ༎ ཞེས་པ་ལྟར། ལྕགས་བྱ་ལ་བསྟན་པ་བསྣུབས་ནས། ལོ་བརྒྱ་དང་བརྒྱད་འདས་པའི་ས་མོ་བྱ་ལོ་ཕྱི་དར་གྱི་མགོ་བཟུང་བ་འདི་རང་ལུགས་སུ་བྱས་ནས་
དེའི་ཚེ་བཤད་པའི་བཀའ་ནི་ཤིན་ཏུ་ངན་ཏེ། རྩ་བ་ཟེར་བའི་དམར་དམར་འདི། འགྲེལ་པ་ཟེར་བའི་ནག་ནག་འདིས། འཆད་པ་ཡིན་པ་འདྲ་ཟེར་བ་ལས་མ་བྱུང་ཨེར་བ་བཤད་འདུག
དེ་ཡང་རྗེ་བཙུན་གོང་མའི་ལུང་དང་སྦྱར་ཏེ་སྤྱིར་བཏང་དམིགས་བསལ་གྱི་སྒོ་ནས་ཞིབ་ཏུ་འཆད་པར་བཞེད་དོ།
གཉིས་པ་ལ་གསུམ། བསྟན་པ་ལ་སྐྱོན་བྱེད་པའི་རྒྱལ་པོ་དང་དེའི་ལོ་དུས་ངོས་བཟུང་། བསྟན་པ་སྒོར་འཇུག་པའི་སྐྱེས་བུ་དང་དེ་ཡི་ལོ་དུས་ངོས་བཟུང་། ངོས་ཟིན་པའི་བསྟན་འཛིན་དང་དགོན་གནས་རིམ་པ་ལྟར་བྱོན་པའི་ཚུལ་བཤད་པའོ། དང་པོ་ནི། རྒྱལ་པོ་དར་མས་བསྟན་པ་བསྣུབས་ཞེས་པ་ལྟར་ཏེ། དེ་ཡང་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་སྲས་ཁྲི་ལྡེ་སྲོང་བཙན་ལ། སྲས་གཙང་མ། དར་མ། རལ་པ་ཅན་གསུམ་གྱི། གཙང་མས་རྒྱལ་སྲིད་མ་བཟུང་། རལ་པ་