R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༦༢
[A:༦༢] གཉིས་པ་བསྟན་པ་སོར་ཆུད་པའི་སྐྱེས་བུ་དང་དེའི་ལོ་དུས་ངོས་གཟུང་བ་ལ་སྤྱིར་[བཏང] དང་དམིགས་བསལ་གཉིས། དང་པོ་ནི་ལྕགས་བྱ་ནས་ལོ་བརྒྱ་དང་བརྒྱད་བསྟན་པ་མེད་ལ་
གཙུག་ལག་ཁང་སོགས་གནས་གཞི་དང་དགེ་འདུན་གྱི་སྡེ་བཙུགས་པས་ཕྱི་དར་ཞེས་བྱའོ
། བརྒྱ་དང་དགུ་པ་ས་མོ་བྱ་ནས་ཕྱི་དར་གྱི་མགོ་ཟུག་པ་ཡིན་ཏེ། དབུས་གཙང་མི་བཅུའམ་དྲུག་གིས་ཁམས་སུ་སྡོམས་པ་བླངས་ཏེ། ས་མོ་བྱ་ལོར་དབུས་གཙང་དུ་གཙུག་ལག་ཁང་སོ་སོར་རྩིགས་ནས་རབ་བྱུང་འདུལ་བའི་བསྟན་པ་སྤེལ་བས་སོ།
གཉིས་པ་དམིགས་བསལ་ལ་གསུམ། ཕྱི་དར་ཉིད་ལ་ཡང་། མངའ་བདག་དཔལ་འཁོར་བཙན་གྱི་དུས་བསྟན་པའི་དབུ་བརྙེས་པའི་དུས། ཁྲི་བཀྲ་ཤིས་བརྩེགས་པ་དཔལ་གྱི་དུས་བསྟན་པའི་སྲོལ་བཏོད་པའི་དུས། བླ་མ་ཡེ་ཤེས་འོད་ཀྱི་དུས་བསྟན་པ་དར་ཞིང་རྒྱས་པའི་དུས་སོ། དང་པོ་ནི། བསྟན་པ་བསྣུབས་པའི་ལྕགས་བྱའི་ཕྱི་ལོ་ཆུ་ཁྱིའི་ལོར། ལྷ་ལུང་དཔལ་གྱི་རྡོ་རྗེས། བསམ་པ་ལྷག་བསམ་གྱིས་ཀུན་ནས་བསླངས་པས་རྒྱལ་པོ་སྡིག་ཅན་བཀྲོངས། དཔལ་གྱི་རྡོ་རྗེ་དེ་གཉག་ཛྙཱ་ན་ཀུ་མ་རའི་སློབ་མ། དཔལ་གྱི་བུ་བརྒྱད་ཅེས་གྲགས་པའི་ནང་ཚན་ཏེ། དེ་ཡང་སོག་པོ་དཔལ་གྱི་ཡེ་ཤེས། དར་རྗེ་དཔལ་གྱི་གྲགས་པ། ཤུད་བུ་དཔལ་གྱི་རྡོ་རྗེ། མང་མཁར་དཔལ་གྱི་དབང་ཕྱུག། ལྷ་ལུང་དཔལ་གྱི་རྡོ་རྗེ། འབྲོག་མི་དཔལ་གྱི་ཡེ་ཤེས་དང་བརྒྱད་(གཉིས་ཆད) དོ། རྒྱལ་པོ་བཀྲོངས་པའི་ལོ་ཆུ་ཕོ་ཁྱི་ལ། རྒྱལ་པོ་དེའི་སྲས་འོད་སྲུངས་དང་། སྲས་སུ་རྫུས་པ་ཡིན་ཟེར་བའི་ཡུམ་བརྟན་ཡང་བལྟམས། དེ་གཉིས་