[A:༨༩ན-༣༦༧] ༄༅། །དེའི་ལོ་ཕྱི་མ་འབྲི་ཕག་གི་ཐོག་ཏུ། མི་དབང་ཆེན་པོ་སྒར་ཐོག་ཏུ་ཐེག་ཏེ་དཔུང་བཏེག་པ་ན། གཅུང་རིན་པོ་ཆེ་ངག་དབང་བསོད་ནམས་རྣམ་པར་རྒྱལ་བས། རྗེ་དྲུང་དུ་ཞུ་ཡིག་ཕུལ་བ་ན་ ངེད་རང་གི་སྡེ་པ་དམག་ཐམས་ཅད་ཀྱི་རྣ་བ་རོ་ཐེགས་པ་ཆེན་པོའི་མཛད་པར་མི་འོས་ཀྱང། སྙན་སྒྲོན་ཕུལ་བ་ལ་གསན་དགོངས་ཕོང་བའི་ཆར་མི་འདུག་དུས། འདིར་ངེད་རྣམས་ཀྱིས་ཀྱང་གནོད་སྦྱིན་གྱི་བསྐང་གསོ་ཚན་ཅི་མང་བྱེད་ཀྱི་ཡོད་པ་དང། ཞབས་དྲུང་ནས་ཀྱང་ཐུགས་དམ་སྐྱབས་འོག་ཏུ་ཆུད་པ། གཙོ་བོར་དམིགས་སུ་གཏད་པ་ཅིག་ཅེས་ཀྱང་དགོས་ཞུ་བའི་ལན་དུ། བཀའ་ཕེབས་པ་ཐུགས་བདེན་པར་འདུག་ཀྱང། ད་རེས་དབུར་སྟོད་ཕྱོགས་ཀྱི་དཔུང་ཕེབས་དོན་ལ། ངའི་རྨི་ལམ་དུ། ཁ་ས་ཚེ་བཅོ་ལྔའི་ཐོ་རངས་འབྲིའི་རྭ་ཅོ་ཡིན་ཟེར་བ་ཅིག་གཏད་བྱུང་བས། འབྲི་ཕག་གཉིས་མངའ་འབངས་སུ་ཆུད་པ་ཅིག་འོང་ངེས་བསམ། འོན་ཀྱང་བཀའ་བཀོད་ལྟར་ངེད་ལ་འདིར་ལྟོས་མི་དབང་གི་སྐུ་རིམ་སྒྲུབ་པ་ལས་བགྱི་བ་གཞན་ཅི་མཆིས་པས། འབད་པ་དྲག་པོས་སྐུ་རིམ་ལ་བརྩོན་པ་ཆེར་བགྱི་བ་ལགས་ཤེས་ཕུལ། ཚེས་གྲངས་དེ་གཉིས་ལ་འབྲི་ཁུང་ཁང་གསར་ཐོག་གཉིས། སྡེ་སྲིད་ཀྱི་ཞབས་ཕྱི་འབྲང་བའི་དམ་ཚིག་ལ་འཁོད་པ་ནས། རིམ་པས་ཕྱིར་ཕེབས། དར་ལུང་དུ་ཀུན་སྤངས་རིན་པོ་ཆེའི་གདུང་ཁང་རྣམ་