[A:༡༡༠བ-༤༡༠] ཁོང་ཕྱིར་ཐེགས། དེར་རྗེས་ལོ་དེའི་སྔ་ལོ་ཧོར་ཟླ་བཅུ་གཅིག་པའི་ཉེར་ལྔ་ལ་ཐམས་ཅད་མཁྱེན་པ་སྤྱན་སྔ་རིན་པོ་ཆེ་ཞི་བ་ཆོསཀྱི་དབྱིངས་སུ་དགོངས་པ་སྟེ། ཁྱི་མོ་ཟླ་བ་བཅུ་གཅིག་པའི་བར་གསངས་པའི་རྣམ་པར་ཐར་པ་རྣམས་ལ་མངོན་པར་གསལ་བའི་ཚུལ་དུ་མཛད། མཚུར་ཕུར་ཕེབས་པའི་སྤྲུལ་པའི་སྐུ་ཡང་སྒར་པ་རྣམ་པས་བདེ་ཆེན་དུ་གདན་འདྲེན་ཞུས། ཟླ་བ་དེའི་ཉེར་ལྔའི་དུས་ཆེན་ཐོག་དགོངས་པ་ཡོངས་སུ་བསྐང་བའི་གྲལ་དབུ་དང། གསུང་གི་རྟེན་བཀའ་འགྱུར་ཁྲ་མོ། ཐུགས་ཀྱི་རྟེན་སྐུ་གདུང་རིལ་པོ་བཞུགས་པའི་དངུལ་འབུམ་ཆེན་མོ་གྲུབ་པའི་རབ་གནས་མངའ་གསོལ་དང་བཅས་པ་ལ། རྗེ་དྲུང་ཉིད་སྤྱན་དྲངས་པ་ནས། དབུས་གཙང་གི་བླ་དཔོན་། དེད་དཔོན། ཆེ་བཙུན་ཐམས་ཅད་ཀྱིས་བཀའ་དྲིན་དྲན་པའི་འབུལ་བ། མཆོད་འབུལ་སོགས་རྒྱ་ཆེར་འདུས་པའི་དབུས་སུ། རབ་གནས་བཀྲ་ཤིས་རྒྱ་མཚོའི་སྒོ་ནས་ལྷག་ནས་གནང། དེའི་མོད་ལ། ཡངས་པ་ཅན་གྱི་དགེ་འདུན་གཏོས་ཆེ་བ་དང། གནམ་གཞུངས་ཀྱི་དགོན་གནས་ཆེ་ཆུང་གི་རབ་བྱུང་ཞུ་མི་དག་འདུས་ཏེ། དེ་ཐམས་ཅད་རབ་ཏུ་འབྱུང་བར་བོས་པ་རབ་བྱུང། བསྙེན་རྫོགས་འོས་པ་བསྙེན་རྫོགས་གྲངས་མཐའ་ལས་འདས་པ་ལ། འདུལ་བ་ལུང་ལས་དམིགས་བསལ་དུ། སྨྱུག་ཐགས་ཀྱི་དྲ་བ་སོ་སོར་གང་ཟག་གསུམ་རེ་བཞག་པའི་བསྙེ་རྫོགས་སྒྲུབ་ལུགས། རྗེ་འཇིག་རྟེན་མགོན་པོས་ཕྱག་ལེན་ལ་བཏབ་པ་བཞིན། སྨྱུག་ཐགས་རྣམས་ཀྱི་མདུད་མདོར་རྗེ་དྲུང་ནས་ཞབས་བཀོད་དེ་