R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༡༡༡བ-༤༡༢
[A:༡༡༡བ-༤༡༢] བཞིན། རྗེ་ཀརྨ་པའི་དྲུང་ནས་མངགས་པའི་དཔོན་བརྩོན་འགྲུས་བཟང་སྦྲེལ་པོ་སྨྱུག་ལ་རྒྱུད་སྡེ་རྒྱལ་ཆེན་གླིང་དུ་འབྱོར། རྗེ་དྲུང་སྐུ་ཁམས་ཅུང་ཟད་རྟེན་པའི་རྣམས་པར་ཡོད་པས། བཀའ་ཤོག་ཕྱག་ཏུ་ཕུལ་བས་བྱིན་རླབས་ཞུ་བ་གནང། ཞལ་ཕྱེ་མ་ཐག་ཚོགས་པའི་ཚ་རྟིང་མའི་དུད་བྱུང་བས། ངེད་རང་ལོག་འོང་མི་
འོང་
ལྟོས་ལ་བགྱིས། རྗེ་ཀརྨ་པའི་དགོངས་བཞེད་དེ་ལེགས་པར་གྲུབ་པ་འདུག། ལྗགས་ཀློག་གནང་བའི་ཚེ། ད་ངེད་རང་ལོ་དོན་གཉིས་དོན་གསུམ་ཚེ་ཚད་ཡིན་ནའང། ད་བར་སྡོད་དགོས་པ། རྗེ་ཀརྨ་པའི་བསྙེན་རྫོགས་ཀྱི་སྒུག་སྡོད་ཡིན་པས་འགྲོ་དགོས་པ་ལས་འོས་མེད་ཡིན། འོན་ཀྱང་ཕྱི་འགྲོ། སྤྱི་འདིས། བརྒྱད་བཅུ་ལོན་ནས་འགྲོ་བ་རྒན་འཆལ་ཡིན་ཞིང། ལྷག་པར་ཀརྨ་པས་བོས་པ་ལ་སྣང་ཤས་ཀྱི་ཚུལ་དུ་འགྲོ་བ་ཡིན་ཟེར་གཏམ་ཅི་རིགས་གླེང་འོང་བས། ཁོང་རང་ཡོན་མཆོད་ལ་འདྲི་བ་ལེགས་ཕེབས་པ་ལྟར། ཚོགས་སུ་བཀའ་ལུང་བཀའ་ཤོག་ཕེབས་ཚུལ། ཞལ་ངོ་དྲུང་དུའང་བཀའ་དྲོས་ཞུས་དུས། ཚོགས་པ་རྣམས་ནི་ཐེགས་པ་ལ་མངོན་པར་འདུན་པའི་གསོལ་བ་འདེབས་པ་དང། སྡེ་པ་ཞལ་ངོའི་དགོངས་པ། ད་དགུང་ལོ་མཐར་སོན་པའི་འདི་ལྟ་བུ་ལ། དྭགས་ཀོང་ས་རོང་རྩུབ་མི་བག་ཆུང་ཞིང་ཆུ་ངན། གང་ནས་ཀྱང་དགེ་བའི་གནས་ཅིག་ཀྱང་མེད་པ་དེར་ཐེགས་པ་མི་ལེགས་ཤེས་ནན་ཞུས་དང། ནང་པ་བཀྲས་སྦུག་པའི་ཞུ་བ། འཇིག་རྟེན་གྱི་གནས་ཚུལ་གང་དང་ཅི་ལ། ངེད་འཇིག་རྟེན་པ་རྣམས་