R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༡༡༢ན-༤༡༣
[A:༡༡༢ན-༤༡༣] ༄༅། །འཇིག་རྟེན་ལ་རྩེས་པ་ཡིན་པས་བླང་དོར་གང་དང་ཅི་ཚོད་བག་གིས་སྤྱོད་པ་ཡིན་ཀྱང། ད་རེས་ཀྱི་གདན་འདྲེན་འདི་ཞུ་བ་པོ་རྗེ་ཀརྨ་པ་ཡིན་པ་དང། སྤྱན་དྲངས་པའི་ཡུལ་ཞབས་དྲུང་རིན་པོ་ཆེ་འདི་ཉིད་དབུས་གཙང་གི་བསྟན་པ་སྤྱི་སྒོས་ཐམས་ཅད་ཀྱི་གཙུག་གི་ནོར་བུ་ཡིན་པའི་དོན་གྱིས་ཐེགས་བཞུགས་གཉིས་གའི་ཚོད་མཇལ་བར་ག་ལ་སྤོབས། ལར། ཆོས་རྗེ་ཆམ་དགོན་པས་རྐོང་པོར་གཟིམས་གུར་འབུལ་བར་བྱོན་དུས། ཐམས་ཅད་མཁྱེན་པའི་དྲུང་དུ་ཞུས་པས། བདག་དབུས་གཙང་ལ་འགྲོ་དུས་དབུས་གཙང་ན་ཡོངས་འཛིན་སུ་བཟང། བདག་གང་དང་འབྲེལ་ཡོད་བཀའ་སྩལ་དུ་གསོལ་ཞུས་པས། དབུས་གཙང་དབུས་གཙང་དག་པའི་ཞིང་ན་ཆོས་རྗེ་ཞ་ལུ་ལོ་ཙཱ་བ་དང། ཚོགས་དགེ་འདུན་སྒང་པའི་མཁན་པོ་ཆོས་གྲུབ་སེང་གེ་གཉིས་བཞུགས་པ་ཡོངས་འཛིན་བཟང་ཞིང་། དེ་ཡང་ཞ་ལུ་ལོ་ཙ་བ་འཕགས་པའི་གནས་བརྟན་བ་ཀུ་ལའི་སྤྲུལ་པ་ཡིན། ཁྱེད་ཁོང་ལ་སྐྱེ་བ་སྔ་མ་ནས་འབྲེལ་བ་ཡོད། ངེད་དང་ཁོང་གཉིས་ཚེ་འདིར་མཇལ་བའི་འབྲེལ་བ་མེད། དགེ་འདུན་སྒང་པའི་མཁན་ཆེན་རིན་པོ་ཆེ་འཕགས་པའི་གནས་བརྟན་ཡན་ལག་འབྱུང་གི་སྤྲུལ་བ་ཡིན། ཁྱོད་དང་ཁོང་གཉིས་འབྲེལ་བ་མེད། ངེད་དང་ཁོང་ལ་འབྲེལ་བ་ཡོད་པས། ངེད་ཀྱི་བསྙེན་པར་རྫོགས་པའང་ཁོང་ལ་ཞུ་བའི་རྟེན་འབྲེལ་ཡོད་གསུང་བ་ཕེབས་པས། དེ་ལྟར་ན་