R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༡༡༦ན-༤༢༡
[A:༡༡༦ན-༤༢༡] ༄༅། །གཉིས་ཀྱིས་ཡི་གེ་བྲིས་པའི་མཁན་ཆེན་རིན་པོ་ཆེར་བསམ་དོན་འགྲུབ་པའི་གསོལ་འདེབས་སྨོན་ལམ་དང་བཅད་པ་ཅིག་བྱེད་དགོས་འདུག་ཅིག། དེ་རིང་ཁྱེད་རང་རྣམས་པ་ཚོས་ཀྱང་གསོལ་བ་འདེབས་གྲོགས་བྱེད་དགོས་པར་འདུག་བཀའ་གནང་ཏེ། དེ་མ་ཐག་སྐུ་སྦྱོངས་ཕྲིན་ལས་སོ་གཉིས་གནང། དེ་ནས་ཐུགས་དམ་རྒྱུན་པ་གྲོལ་བ་དང་ནམ་ལངས་པ་མཐུན། ཆོས་མཛད་གཉིས་དང། ཆོས་རྗེ། བཞི་སྡེ་དབུ་མཛད་པ་
ཕྱིས་ཚོགས་ཀྱིས་མཁན་པོ་གནང་བ་
ཤཱཀྱ་རྒྱ་མཚོ་རྣམས་ཀྱིས་ཐུགས་རྩོམ་གནང་བའི་ཕྱག་བྲིས་ཞུས་དག་མཛད་པ་ལས་འདི་ལྟར། རབ་འབྱམ་རྒྱལ་བ་སྲས་བཅས་ཐམས་ཅད་ཀྱི། །མཁྱེན་བརྩེའི་འབྱོར་བ་མ་ལུས་གཅིག་བསྡུས་ནས། །ཤཱཀྱ་སེང་གེའི་བསྟན་པའི་དཔལ་གྱུར་པའི། །གནས་བརྟན་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས། །དུས་མིན་འཆི་སོགས་འགལ་རྐྱེན་ཀུན་བྲལ་ཞིང། །བསྟན་དང་འགྲོ་བའི་དོན་ལ་བརྩོན་པ་ཡིས། །སངས་རྒྱས་དགྱེས་པའི་སྤྱོད་པས་དུས་འདའ་བའི། །བསམ་སྦྱོར་ལྷོད་པ་མེད་པར་བྱིན་གྱི་རློབས། །ཆོས་བརྒྱད་སྲིད་པའི་སྒྲོག་གིས་མི་འཆིང་ཞིང། །ཞི་བདེ་དམན་པའི་གཡང་སར་མི་འཆེལ་བར། གཞན་དོན་ཁུར་ཆེན་ངལ་བ་མེད་པ་ཡི། ས་ལམ་མྱུར་དུ་བགྲོད་བར་བྱིན་གྱིས་རློབས། བདག་དང་འཁོར་འདས་དགེ་བ་མ་ལུས་པ། འཁོར་གསུམ་དམིགས་པ་མེད་