R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༡༡༦བ-༤༢༢
[A:༡༡༦བ-༤༢༢] ༄༅། །པའི་བསྔོ་བ་ཡིས། །མར་གྱུར་མཐའ་ཡས་འགྲོ་བ་ཀུན་གྱི་ཕྱིར། །བླ་མེད་བྱང་ཆུབ་ཐོབ་པར་བྱིན་གྱིས་རློབས། །བསླུ་མེད་དཀོན་མཆོག་གསུམ་གྱི་བདེན་པ་དང། །དཔལ་མགོན་ཆོས་སྐྱོང་བསྲུངས་མའི་བྱིན་རླབས་དང། །བདག་གི་ལྷག་བསམ་རྣམ་པར་དག་པའི་མཐུས། །ཇི་ལྟར་སྨོན་པ་བཞིན་དུ་འགྲུབ་གྱུར་ཅིག།།དཀོན་མཆོག་རིན་ཆེན་གསུམ་གྱི་བདེན་པ་དང། །དཀར་ཕྱོགས་དགེ་བའི་མཐུ་དང་ནུས་པ་ཡིས། །རྒྱལ་བའི་བསྟན་འཛིན་རབ་འབྱོར་སེང་གེ་ཡིས། །ཚེ་རབ་ཀུན་དུ་རྗེས་སུ་འཛིན་གྱུར་ཅིག། །ཞེས་པ་མང་པོར་སྤེལ་ནས་ཉིན་གང་དཔོན་སློབ་རྣམས་ཀྱིས་གསོལ་བ་བདེབས་པ་རྩེ་ཅིག་གཅིག་མཛད། སང་ཉིན་བཏེག། ནགས་ཁྲོད་ཅིག་དུ་གསོལ་བ་གནང་བའི་རྩིས། གསོལ་གཡོག་པས་མེ་རྡོ་ལུས་པ་ལ་རྟེན་མེ་ལ་བྱུང་བའི་དུས། བཀའ་ལས། ཁྱོད་རང་རྗེས་སུ་ཤོག་ཤོག་ཅེས་པའི་ཞབས་ཕྱིར་ཕྱིན་པ་ན། ཆོས་གོས་འདི་གཟུང་གསུང་སྐུ་བསངས་པའི་མཐར། རྡོ་ཞིག་ཞབས་ཀྱིས་ཕུལ་ཏེ། འདི་ལ་མེ་རྡོ་ཨེ་ཐུབ་ལྟོས་ཕེབས། བལྟས་པས་ཤེལ་ལྟ་བུའི་མེ་རྡོ་ཡ་མཚན་པ་ཅིག་བྱུང་བས་མེ་སྦར། དེར་གསོལ་བ་གནང་བ་ལ་བཞུགས་ཙ་ན། མི་དམར་པོ་མདུང་ཐུང་ཁྱེར་བ་ཞིག་བྱུང་བ་ལ། གང་ནས་ཕྱིན་རྩད་ཆོད། མི་