R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༡༡༩ན-༤༢༧
[A:༡༡༩ན-༤༢༧] ༄༅། །མེད་པ་ལ་ཐུགས་བརྩེ་བའི་དོན་གྱིས། བང་རིམ་ཆོས་སྡེ་བ་རྣམས་ཀྱིས་བསུ་བ་སེར་སྦྲེང་འབུལ་ནོད་རྒྱ་ཆེ་བ་ཞུས། བླ་མའི་རྣལ་འབྱོར་སྐྱིད་སྡུག་ལམ་འཁྱེར་དང་བཅས་པའི་བྱིན་ཆོས་ཚིམ་པར་སྩལ། དེར་གདུང་གྲུ་ཡོད་པ་ལ་དཔོན་སློབ་རྣམས་སྒྲོལ་བའི་ཞབས་ཏོག་ཞུས། དོ་ནུབ་དོལ་ཐང་དུ་བཞུགས། ཆོས་སྡེ་བ་རྣམས་ཀྱིས། སྔར་རྗེ་ཆོས་གྲགས་རྒྱ་མཚོ་ཕེབས་དུས་ཡར་མར་གྱི་འཕྲང་རྣམས་བདར། ཆིབས་དྲེལ་ལ་གནོད་ལ་གནོད་པའི་རྣམ་པ་བྱས་པས། སྤྱན་ཆབ་བསིལ་དགོས་པ་བྱུང་བ་ཡིན་ཟེར་བའི་གཏམ་གླེང་བས་མི་མུ་ཤིན་ཏུ་ནས་འཚུབ་པ་ཅིག་ཡིན་རུང། སྐྱེས་བུ་དམ་པ་ཁྱོད་ཉིད་ཐམས་ཅད་མཁྱེན་པ་སྤྱན་སྔ་རིན་པོ་ཆེ་དང། ཐེལ་མཁན་པོ་བྲག་ལྕོགས་པའི་བླ་མ་ཡིན་ཞུ་བས། ཤིན་ཏུ་མོས་པར་ཡོད་ཚུལ་ཞེ་ཐག་པ་ནས་སྨྲས། ནུབ་དེ་སོང་རྗེས་སང་དགས་དྭགས་པོ་སྣང་དུ་ཕེབས། བང་རིམ་ནང་སོའང་དེ་ཀར་བཞུགས་པ་དང་འགྲིག་པས་ཞབས་ཏོག་དང་དོས་པ་མཛད། དེ་ནས་རིམ་གྱིས་ང་ལ་རྒྱུད་ཕེབས་པ། དུང་དཀར་བྲག་པའི་དགེ་འདུན་རྣམས་ཀྱི་བསུ་བ་སེར་ཕྲེང་དཔག་ཏུ་མེད་པས་སྤྱན་དྲངས། བསྙེན་བཀུར་འབུལ་ནོད་གྱ་ནོམ་པ་ཕུལ། གསུང་ཆོས་ཀྱང་སོ་སོའི་འདོད་པ་མཐུན་པ་གནང། དེ་ནུབ་ཀོང་སྡོད་ ངམ་པྲོག་ཏུ་བཞུགས་པའི་ཚེ། སྐུ་དྲུང་དུ་དུ་རྒན་པོ་ཞིག་དང་བྱིས་པ་ལོ་ཉི་ཤུ་ཚུན་ལོན་པ་གཉིས་ཚྭ་མར་ཞོ་སོགས་ཀྱི་འབུལ་བ་དང་བཅས་ཕྱག་འབུལ་དུ་བྱུང་བ་ལ། ཁྱེད་རྣམས་