R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༡༡༨བ-༤༢༦
[A:༡༡༨བ-༤༢༦] དུས་གཟིངས་ཁོལ་པའི་རྣམ་པ་ལངས་ནས་བདར་ཡོད་པ། འདི་ཀར་གོམས་པ་རྣམས་རྐང་ཟམ་ལ་ཐར་འོང་ཏེ། དཔོན་སློབ་རྣམས་ཐུགས་མ་གོམས་པ་མི་ཐར་སྲིད་སྙམ་བདག་གིས་ཞབས་འདེགས་ལ་ཡོངས་པ་ཡིན་ཞེས་ཞུས་པ། དེ་ཀ་ལྟར་བགྱིའོ་ཞེས་བཀའ་གནང་ཏེ། རྗེ་དྲུང་ཉིད་ཁོ་བོས་གདན་འདྲེན་ཞུས་རྗེས་དཔོན་སློབ་རྣམས་ཀྱང་ཐེ་ཚོམ་མེད་པར་བྱོན་ཅིག་ཟེར་བ་ལྟར། ཕྱག་ཕྱི་མ་ཐམས་ཅད་ཀྱིས་ཤར་གྱིས་བྱོན་པས་ཉེན་མེད་པར་སྒྲོལ་ཞིང། ཁོས་ཀྱང་ཆིབས་པ་མི་ཆིབས་བར་དུ་སྤྱན་དྲངས་པ་ཏེ་མཆོད་རྟེན་ཅིག་གི་རྩར་སྐུ་ངལ་བསོས། འདི་ནས་བདག་གིས་ཕྱིན་ན་ཡུལ་འདི་ཚོ་འཚུབ་པས་ཅིར་འགྱུར་མི་ཤེས། དཔོན་སློབ་ལ་སྐྱོན་མི་འོང་བདག་ཕྱིར་ལོག་འགྲོ་ཞེས་ཕྱག་འབུལ་བྱས། དྲིན་ལན་གྱི་ཚུལ་དུ་སྤོས་ཤེལ། བྱུ་རུ། མུ་མེན་སོགས་ཀྱི་ལག་ཙེ་སྐོར་ཅིག་གནང་བས། བདག་ལ་གནང་སྦྱིན་མི་དགོས་ཏེ། བྱིན་རླབས་རྟེན་ཡིན་ན་ཞུ། བདག་ཐུགས་རྗེའི་སྐྱབས་འོག་ནས་ནམ་ཡང་འདོར་འཚམ་ཞེས་ཕྱིར་ལོག་གོ །མི་དེ་ཞབས་འབྲིང་བ་ལ་ལ་ན་རེ་ཆོས་སྐྱོང་གི་སྤྲུལ་པ་ཡིན་པ་འདྲ་ཟེར་བ་དང། ཁ་ཅིག་གིས་ཕ་ཚད་ནས་རིམ་པས་མི་མངོན་པར་གྱུར་ཟེར་བ་སོགས་གླེང་དུས། རྗེ་དྲུང་དུ་ཞུས་པས། གཞན་ཅི་ཡིན་མི་ཤེས། ངེད་རང་རྣམས་འཇིགས་པ་ལས་སྒྲོལ་བ་ལ་ཆོས་སྐྱོང་གིས་རྒྱུད་བསྐུལ་བ་ཞིག་ནི་ཡིན་པར་ངེས་བཀའ་གནང། རྗེ་འདི་བསྟན་པ་རིས་