R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༡༡༩བ-༤༢༨
[A:༡༡༩བ-༤༢༨] ཀྱི་གྲོང་འདི་ན། ངེད་ཀྱི་མཁན་རིན་པོ་ཆེ་རབ་འབྱོར་སེང་གེའི་སྦྱིན་བདག་པྲོག་པ་སྲབ་ཅན་ཟེར་བའི་ཆིབས་སྔོ་ཆེན་ཕུལ་བའི་སྦྱིན་བདག་དེའི་བརྒྱུད་པ་འདྲ་ཨེ་ཡོད་ཅེས་དྲི་བ་གནང་བས། ཁྱེད་དཔོན་སློབ་ཀྱི་སྐུ་ཆས་འདི་འདྲ་བ་བཞེས་པ་རྣམས་བདག་ཚོ་ལ་གཏད་ནས་ཕེབས་པ་ལ། ངེད་ཕྱོགས་ལ་ཕེབས་མ་བྱོན་པས་ཐེ་ཚོམ་དུ་གྱུར་པ་ཡིན། དེ་དུས་ཀྱི་པྲོག་པ་སྲབ་ཅན་ཟེར་བ་དེ་ངའི་ཕ་ཡིན། རྒན་པ་འདི་ཁོང་གི་ཚེ་མཉམ་ཡིན། གཞོན་པ་འདི་རྒན་པོའི་བུ་ཡིན་ཟེར་བས། རྗེ་དྲུང་ཐུགས་མཉེས་ཏེ། ཁྱེད་གཉིས་ཀྱི་མིང་ཅི་ཡིན་དྲི་བ་གནང། རྒན་པ་མགོན་པོ་རྡོ་རྗེ། གཞོན་པ་མགོན་པོ་བཀྲ་ཤིས་ལགས་ཤེས་ཞེས་ཞུས། འདི་ནས་ངེད་ཚོ་འགྲོ་བའི་ལམ། ཁ་ཅིག་ནལ་པ་གློང་ལ་བདེ་ཟེར། ལ་ལ་ཤོ་ཁུང་ཁྲི་རྒྱབ་ལ་འགྲོ་ཐུབ་ཟེར། ལམ་དེ་གཉིས་གང་བདེ་ཞེས་བཀའ་གནང་བ་ན། ནལ་པ་གློང་ལ་ལ་དིང་སང་གི་ཁ་བ་ཆེན་པོ་དེས་བདེ་ཆེན་མེད། རྩེ་ཆེན་ཕུའི་འདུན་པ་ཁ་ཅིག་ན་རྩ་དུག་སུས་ཀྱང་ངོ་མི་ཤེས་པ་ཡོད་པས་ཆིབས་་དྲེལ་མང་པོ་འདི་གོད་ལ་སྦྱར་ན་ཁམ་ཆེ་བས། ངེད་ཀྱི་བྱིས་པ་ཞིག་གིས་ཚྭ་ལེན་དུ་ཕྱིན། འཕྲང་རང་ལ་ཡོངས་ཏེ་སླེབ་བྱུང་བས། ཆིབས་དྲེལ་རྣམས་ལ་སྐོར། དཔོན་སློབ་ཁྲི་རྒྱ་བ་རང་མ་ངེད་སྤུན་གྱིས་གདན་འདྲེན་ཞུས་པས་ཡོང། འཕྲང་ལ་ཐེགས་པ་རང་ལེགས་ཞུས། སང་ཉིན་རྗེ་ཀརྨ་ཕྲིན་ལས་པ་དཔོན་སློབ་ཕེབས་པ་མཇལ་རེ་བཀའ་བགྲོས་གནང། དཔོན་