R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༡༢༠ན-༤༢༩
[A:༡༢༠ན-༤༢༩] ༄༅། །སློབ་ལྷན་པར་ཐེགས་ན་གསོལ་ཆས་སོགས་གོ་ནད་ཡོང་བས་སྔ་ཕྱི་གནང་དགོས་ཞུས་ཤིང། ངེད་ཚང་དོ་ནུབ་བཀྲ་ཤིས་སྒང་དུ་སླེབ་པ་བྱས། ནལ་པ་གློང་ལ་ལམ་བདེ་དོག་བསྐོར་དུ་གཏོང། ཅེས་ཞུས་ཏེ་ཐེགས། དེ་ནས་རྗེ་དཔོན་སློབ་ཀྱིས། རྗེ་བཙུན་མར་ཟན་ཧྲིལ་ཕུལ་བས་འཕྲང་བསྐོར་བ་རང་བབས་པ་དང། མགོོན་པོ་རྡོ་རྗེ་སྤུན་གྱིས་ཞབས་ཏོག་ཞུ་བའི་ཁས་ལེན་ལྟར། ཕྱག་ཕྱི་ལམ་སྣ་བ་བྱས་ཏེ་ཕེབས། ཆོས་རྗེ་དཔོན་སློབ་གློང་ལ་ལ་ཐེགས་གྲུབ་འདུག། རྗེ་དྲུང་དུ་རྒྱུ་མཚན་ཞིབ་རྒྱས་འབུལ་བ་གསོལ་དཔོན་རྒྱན་བཀྲས་བཀྲ་ཤིས་སྒང་ན་བཞུགས་འདུག་པས། ངེད་དཔོན་སློབ་མངགས་པ་ལ་རང་ལ་མི་ཐེགས་ཀ་མེད་བྱུང། དཔོན་སློབ་དྲུང་རང་འཕྲང་རང་མ་ཕེབས་ཀྱང་འགལ་བ་མེེད་པ་འདྲ་ཞུས་པ་ན། ངེད་རྣམས་འཕྲང་རང་ལ་བརྡག་པའང་བབས། དེ་མཐུན་ལམ་སྣ་བ་སྦྲེལ་པོ་ཞིག་ཀྱང་ཡོད་པས་འཕྲང་ལ་འགྲོ་བ་རང་བྱེད་བཀའ་གནང། དེ་ནུབ་རི་ཤོད་དང། སང་ར་ཁར་ཕེབས་པའི་ཐོ་རངས་བཀའ་ལས། དེ་རིང་ཕྲན་ཚེགས་ཀྱི་ཉེས་དམིགས་ཤིག་འདུག་པ། རྗེ་བཙུན་མ་ལ་གསོལ་བ་ཐོབས་ཕེབས་པ་ལྟར། ཞབས་འབྲིང་བ་རྣམས་ཀྱིས་གསོལ་བ་དྲག་ཏུ་བཏབ། ནམ་ལངས་མ་ཐགས་ཐེགས་པ་གནང། ཤོ་ཁུང་ཁྱི་རྒྱབ་ཀྱི་འཕྲང་ལ། དོས་ལ་ལ་ལ་ཞུར་ཐག་དང། ལ་ལ་ཀོ་བ་ལ་གཏོན་དུས། ཆབ་དཀར་ནས་བུ་མེད་གཉིས་ཀོ་བ་ཁྱེར་ཏེ་བྱུང་ནས་