R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༡༢༠བ-༤༣༠
[A:༡༢༠བ-༤༣༠] སྐད་གསང་མཐོན་པོས་དཔོན་སློབ་རྣམས་གང་ནས་ཕེབས། ད་གང་དུ་ཐེགས་ཞུས་པ་ན། ཆིབས་ཆུང་པ་ཀུན་དཔལ་གྱིས། ཞལ་སྔ་ནས་དཔོན་སློབ་དྲུང་ཡར་རྒྱབ་རྒྱལ་ཆེན་གླིང་ནས་ཕེབས། ད་རྗེ་ཀརྨ་པའི་བསྙེན་རྫོགས་བསྒྲུབ་པ་ལ་ཐེགས་རྒྱུ་ཡིན། སྤྱང་ཀི་གྲོང་ན་དབོན་པོ་འདིར་ཡོད་དམ་མེད་ཅེས་ལན་བཏབ་པ་ཙམ་གྱིས། དབོན་པོ་འདིར་རྫོང་ན་ཡོད། ཡར་རྒྱབ་ནས་ཕེབས་ཐག་ཆོད་ཡིན་ན། ཞབས་དྲུང་དུ་སླེབ་ཡོང་ཟེར་ཞིང་ཀོ་བ་ཆུ་ལ་བཅུག་ཏེ་སོང། དེའི་ཚེ་སྤྱང་ཀི་གྲོངས་རྣམས་ཀྱིས་དམག་གི་བཀོད་པ་བཤམས་ཏེ། དཔོན་སློབ་རྣམས་ལ་མཐོ་འཚམ་པར་འདོད་ཀྱང། ཡར་རྒྱབ་ནས་ཕེབས་པ་སོགས་ཀྱི་ངེས་ཤེས་འགྲོངས་པ་ལ་རྟེན་འཚེ་བ་མེད་པའི་སྟེང་དུ་བཀུར་སྟི་ཞུ་བ་ལ་དམིགས་ཏེ། ཀོང་པོ་འདོར་ཕྱག་ཕྱིར་འབྲངས་པ་ན། འོར་ཤོད་པ་སྤྱོད་ཡུལ་སེང་གེ་སོགས་ཀྱི་དགྲ་ཟླ་རྟོལ་གོག་སྒོག་རྒྱལ་ཞེས་པའི་སྐྱེ་བོ་མི་བསྲུན་ཞིང་དཔའ་གྲགས་ཀྱིས་ཀོང་ཡལ་ཐམས་ཅད་དུ་ཁྱབ་པ་དེས། ཁོ་རང་གི་དགྲའི་བྲན་དེ་ཉིད་བཀུམ་པར་འདོད་དེ་དཔའ་བོ་ཉི་ཤུ་ཙམ་གྱིས་གོ་ཚོན་དང་བཅས། དཔོན་སློབ་ཀྱི་དྲུང་དུ་འོངས་པ་ན། ཁོ་རང་བོང་ཆེ་ཞིང་ཁ་དོག་ནག་པ་ཤིན་ཏུ་རྔམ་པའི་ཁྲོ་གཉེར་བསྡུས་སྟང་མིག་གཟིར་ཞིང། ལག་ན་མདུང་ཐུང་རྣོ་བ་བསྡིགས་པའི་ཚུལ་གྱིས་བཟུང་ནས་བྲན་དེ་ཉིད་ལ་བསྣུན་པར་བརྩམས་པ་ན། རྗེ་ཉིད་ཀྱི་ཞལ་རས་མཐོང་བ་ཙམ་གྱིས་མཚོན་ཆ་བྲུལ་ཞིང། ཞེ་སྡང་གི་