R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༡༢༡ན-༤༣༡
[A:༡༢༡ན-༤༣༡] ༄༅། །བསམ་སྦྱོར་ཞི་ནས། ཞལ་རས་ལ་འབུར་ཚུགས་སུ་བལྟ་ཞིང་རེངས་པར་གྱུར་པའི་མཐར། སླར་དྲན་པ་རྙེད་པ་ལྟར་ཞབས་ལ་གཏུགས་པའི་ཕྱག་འཚལ། དེ་ལྟ་བུ་ནི་ཐུགས་རྒྱུད་ལ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་ཐུགས་ཁྱད་པར་ཅན་བཅོས་མིན་དུ་བཞུགས་པའི་བྱིན་རླབས་ཀྱི་མཐུ་ལས་སོ། །དེ་ནས་འོར་ཤོད་དུ་ཕེབས་སྐུ་ངལ་བསོའི་ཚུལ་དུ་ཞག་གཉིས་བཞུགས། རྟོལ་གོག་མགོནཔོ་སྤྱན་དྲངས་ནས་རྙེད་བཀུར་མཐའ་ཡས་པ་ཞུས། དེ་ཉིད་སྤྱོད་ཡུལ་སེང་གེའི་ཚ་བོ་ཡིན་པ་ལ་དགོངས། ཆོས་སྐྱོང་དམར་པོའི་གཏོར་མ་ལ་བརྟེན་པའི་བཀའ་བསྒོ་བསྲུང་སྐྱོབ་རྣམས་པ་ཐམས་ཅད་དུ་བྱེད་དགོས་པའི་བཅོལ་དམ་མི་ལ་མཛད་པ་ལྟར་གནང། དེའི་ཐུགས་རྗེས་ཡུན་རིང་པོའི་བར་ཕ་རོལ་གྱི་དམག་ཚོགས་སོགས་ཕས་རྒོལ་ཐམས་ཅད་འཇོམས་ནུས་པའི་སྟོབས་མངའ་བས་ཕྱིས་ནས་ཀྱང། རྗེ་རིན་པོ་ཆེའི་ཐུགས་རྗེ་ཡིན་པར་དུས་དང་རྣམ་པ་ཀུན་དུ་གླེང་ངོ་། །དཔོན་བསོད་ནམས་རྒྱལ་པོས་ཀྱང་བསྙེན་བཀུར་རྒྱ་ཆེན་པོ་བཤམས་ཏེ་གཡང་གི་བདུད་རྩིས་ཚིམ་པར་མཛད། དེ་ནས་་རིམ་པར་གླེ་ལུང་དུ་ཕེབས་ཉིན་སྒར་པའི་དཔོན་ཆེན་གཉིས་ཕྱེན་ལ་འབྱོར། རྒྱལ་བའི་དབང་པོའི་བཀའ་ཡིག་ཇ་ཞུས་འབུལ་བ་ཆིབས་པ་དང་བཅས་པ་གནང་བའི་དུས་ཀྱང་ནམ་མཁའ་དངས་པ་དང་འཇའ་འོད་སོགས་ངོ་མཚར་བའི་ལྟས་དུ་མ་དང་བཅས་པའི་མོད་ནས་ཕྲག་སུ་རྒྱུ་གདོང་དུ་ཕེབས། དེར་ཐམས་ཅད་མཁྱེན་བ་ཆོས་གྲགས་