R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༡༢༡བ-༤༣༢
[A:༡༢༡བ-༤༣༢] རྒྱ་མཚོས་གཏིང་བའི་གཙུག་ལག་ཁང་ཞིག་ནང། མཚན་ཉིད་གྲ་ཚང་ལྟོས་ཆེ་བ་ཅིག་བཞུགས་འདུག་པ་རྣམས་ཀྱིས་གཞི་ལེན་པ་དག་པ་ཞུས། གཙུག་ལག་ཁ་ལ་རབ་གནས་རྒྱས་པར་གནང་བའི་ཕྱིས་ཀྱང་དགེ་འདུན་གྱི་སྡེ་དང་བཅས་པ་དར་ཞིང་རྒྱས་སོ་ཞེས་གྲགས། དེ་ནས་ཕེབས་ལམ་གྱི་ནགས་བསེབ་གསེབ་ཞིག་ནས་མི་སྔོན་པོ་བྱད་བཞིན་མི་སྡུག་པ་བོངས་ཐུང་བ་ཞིག་གློ་བུར་དུ་བྱུང་ནས། རྗེའི་ཞལ་རས་ལ་འབུར་ཚུགས་སུ་བལྟས་ཏེ་སྐད་གསང་མཐོན་པོས། བླ་མ་པའི་ཟབ་མོ་གཞན་སྟོང་གི་གཞི་ལམ་འབྲས་བུ་དེ་ཇི་ལྟར་ཟེར་བ་ལ། ཞབས་འབྲིང་བ་རྣམས་ནི་ཅི་ཡང་ཆ་མེད་པའི་ཧད་དེ་ལུས། ཞལ་སྔ་ནས་དགྱེས་པའི་ཞལ་འཛུམས་པ་མཛད་དེགཞན་སྟོང་དང་སྦྱར་བའི་རྣམ་གཞག་ཟབ་ཅིང་རྒྱས་ལ། བདག་ཅག་རྣམས་ཀྱི་བློའི་སྤྱོད་ཡུལ་ལས་རིང་དུ་གྱུར་བ་ཞིག་གནང་གི་འདུག་པའི་མོད་ལ། མི་དེའི་སྟོད་གཡོགས་རྩིར་ཕྱར་གྱི་རྣམ་པ་ཅན་གཅིག་འདུག་པ་དེ་ཕུད་ནས་དྲུང་དུ་ཕུལ། དགའ་མགུ་ཡི་རང་བའི་གླེངས་སླངས་མང་དུ་ཞུས་ཏེ་ནགས་དེའི་གསེབ་དུ་མི་གནང་སྣང་བར་སོང། རྗེས་སུ་དེ་ཅི་འདྲ་ཅིག་ཞུས་ཀྱང་འདི་ཡིན་གྱི་ངེས་པ་ཅི་ཡང་མི་གསུང་བས་སྤྲུལ་པ་ཞིག་ཡིན་པར་གོར་མ་ཆག་སྙམ་མོ། །དེ་ནས་རིམ་པས་ཡུལ་གྲུ་རྣམས་སུ་ཕེབས་པའི་བསྙེན་བཀུར་ཞུ་མི་ལ་ཆོས་ཀྱི་འབྲེལ་བ་་གནང། ཆབ་དཀར་ཀརྨ་ཕོགས་