R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༡༢༢ན-༤༣༣
[A:༡༢༢ན-༤༣༣] ༄༅། །ཚར་ཕེབས། དེར་དབུ་སྐྲ་བསིལ་པའི་དུས། ཞབས་འབྲིང་བ་རྣམས་ཀྱིས་ཞུས་པའི་ཚེ། དགོས་པ་ཁྱད་པར་བ་ཞིག་ཡོད་པས་ཐེའུ་ཙེས་མནན། འཚོ་བྱེད་པས་ཚོགས་ཀྱིས་ཕེབས། དེའི་སང་ཉིན་སྒར་པའི་དཔོན་ཆེ་ཆུང་བརྒྱ་ཕྱིན་གྱི་སྐྱ་ཧྲགས། ཐམས་ཅད་མཁྱེན་པའི་དྲུང་གིས་ཕེབས་ཇ་ཐོག་དཔོན་རྣམས་པས་ཀྱང་སོ་སོའི་མཇལ་དར་སོགས་ཕུལ། དེར་ཆོས་རྗེ་ཀརྨ་ཕྲིན་ལས་པའི་དྲུང་ཀྱང་ཕེབས། རྩེ་ལྷ་སྒང་གི་གདན་ས་ཆེན་པོར་རྗེ་རྣམ་གཉིས་ཞལ་རྒྱས་ནས། མཁན་ཆེན་རབ་འབྱོར་སེང་གེའི་དུས་ཆེན་དང། རྒྱུ་སྐར་རྒྱལ་དང་དྲང་སྲོང་ལྷའི་བླ་མ་འཛོམས་པ་འགྲུབ་པའི་སྦྱོར་བ་དང་ལྡན་པའི་ཚེས་ཀྱི་ལང་ཚོ་རབ་ཏུ་ངོམས་པའི་ཚེ། ཐམས་ཅད་མཁྱེན་པའི་ཞབས་དྲུང་དུ་སྤྱན་དྲངས་ཏེ་མཇལ་བས། རྗེ་དྲུང་ཉིད་ཐུགས་བག་ཕེབས་ཤིང་མཉེས་པ་ནས། ཐམས་ཅད་མཁྱེན་པའི་བཀའ་ལས། བདག་གིས་སྤྱི་རྡོལ་བསྐྱེད་དེ། ས་ཐོབ་ལས་ཀྱང་ཆེས་མཆོག་ཏུ་གྱུར་པའི་བདེ་བ་མྱོང་བར་གྱུར་ལགས་ཤེས་ཞེས་ཞུ་བ་གནང་ཏེ། འདི་ལྟ་བུའི་རྣམ་པར་ཐར་པ་ནི་རྗེ་ཉིད་བྱང་ཆུབ་སེམས་དཔའ་ཆེན་པོའི་བརྟུལ་ཞུགས་ལས་གཞར་ཡང་ཉམས་པ་མེད་པའི་ཚུལ་