R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༡༢༧བ-༤༤༤
[A:༡༢༧བ-༤༤༤] ངོར་ཆོས་བདེ་ཆེར་མ་ཆོད་ཀྱང། དངོས་སུ་མཇལ་བ་ལན་ཅིག་དང། དག་པའི་སྣང་བ་ལ་མི་འབྲལ་བའི་ཚུལ་གྱིས་མཇལ་བའི་མཐུ་ལས་རྟོགས་པ་ཁྱད་པར་ཅན་མང་པོ་སྐྱེས་པ་ཡིན་པས། ངེད་ལ་མཁན་པོ་རིན་པོ་ཆེ་རང་ལྷསཔར་བཀའ་དྲིན་ཆེ་བ་ཡིན་ཞེས་གསུང་ཞིང་འཁོར་གྱི་དབུས་སུ་སེང་གེའི་སྒྲ་སྒྲོགས་པར་གྱུར་ཞེས་གྲག། ཡང་ཟླ་བ་དེའི་ཚེས་བརྒྱད་ཀྱི་ཉིན་བདག་ཉིད་ཆེན་པོ་ཉིད་ཀྱི་ཕྲིན་ལས་འབད་མེད་དུ་བསྒྲུབས་ལ་ཅིག་ཏུ་དགྱེས་པའི་ཆོས་སྐྱོང་རྣམ་སྲས་དམར་པོ་ཤིན་ཏུ་ངོ་མཚར་བ་ཞིག་སྣང་བ་འདིའི་དབང་ལུང་གདམས་ངག་ཐུན་མོང་མ་ཡིན་པ་བདག་ལ་ཅི་ནས་ཀྱང་གནང་དགོས་ཤེས་བཀའ་ཕེབས་པ་ནས། རྡུལ་ཚོན་གྱི་དཀྱིལ་འཁོར་སོགས་ལེགས་པར་བཤམས་ཏེ་སྒྲུབ་མཆོད་གནང་བའི་སྐབས། གསོལ་ཇ་མཆོད་པ་དང་མཉམ་དུ་།།།།།།རྣལ་འབྱོར་ཡན་ལག་དྲུག་གི་ཉམས་ལེན་ལས་བརྩམས་པའི་དྲི་མ་ཐོགས་ཤིག་གནང་བ་འབུལ་ལན་མཚོན་པ་ཕུལ། དེ་རྗེས་གྲལ་ལ་འཁོད་པ་བྱིན་ལ་སྤྱན་སྒོར་མར་གཟིགས་ཏེ། ཟབ་མོའི་གནད་རྣམས་བག་ཡངས་སུ་མི་གསུང་བར་འདུག་དགོངས་ནས། གླིང་དབོན་ལ་བརྡ་ཞིག་གནང་བ་ནས། ཁོང་བཞེངས་ཏེ་ངེད་རང་རྣམ་པ་ཇ་གྲམ་ཤོད་དུ་གནང་བ་ཡིན། འདིར་དཔོན་སློབ་ཐུགས་འགོལ་བ་བཞེད་པ་ཡིན་འདུག་གསུང་ཏེ་བྱིན་ཤོད་ལ་ཐེགས། དེར་བདག་གིས་ལངས་པ་ན། རྣམ་རྒྱལ་བ་དེར་འདུག་ལ་ངེད་ཀྱིས་ཞུས་པས་རྣམས།