R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༡༢༧ན-༤༤༣
[A:༡༢༧ན-༤༤༣] ༄༅། །ཆོས་དབྱིངས་བསྟོད་པ་ལས། གང་ཞིག་ཀུན་དུ་མ་ཤེས་པར། །སྲིད་པ་གསུམ་དུ་རྣམ་འཁོར་ཞིང། །ཞེས་སོགས་མཐའ་ཡས་པ་གསུངས་པ་ལྟར་ལགས། ཤེས་ཞེས་ཞུས་པའི་ཚེ། སེམས་དཔའ་ཆེན་པོ་འདི་ཉིད་ཀྱི་དྲུང་དུ་ཕྱག་ཟབ་མོ་སྦྱར་ཏེ་འདུད་བཞིན་པས། རིན་པོ་ཆེ་ཨེ་མཁྱེན་ལགས། ངེད་རང་དཔོན་སློབ་ཀྱི་དེ་རིང་གི་འབེལ་བའི་གཏམ་ཟབ་མོའི་དོན་ལས་བཙས་པ་འདི་ལྟ་བུ། བོད་གངས་རིས་བསྐོར་བའི་ལྗོངས་ཀྱི་མཁས་གྲུབ་ཕལ་གྱིས་མཁྱེན་པ་ཡང་དཀའ། མཁྱེན་པ་རྣམས་དཔྱིས་ཕྱིན་པ་ཐུགས་ཀྱི་ཉམས་དུ་བཞེས་པའང་དཀོན་པར་འདུག་ལགས་གསུང་ཞིང། སྒམ་པོ་མཁན་ཆེན་པ་ལ་ཞལ་ཕྱོགས་པར་མཛད་དེ། ངེས་པའི་དོན་གྱི་སྐབས་སུ་འདི་ལྟ་བུའི་གསུང་ཤིན་ཏུ་ངོ་མཚར། རྒྱ་གར་ལ་གསེར་ཁྱེར་ནས་དམ་པའི་ཆོས་ཚོལ་བའང་ཡོད་པ་ལ་གསུང་ཞིང། དེ་མ་ཐག་བཞུགས་ཁྲི་ལས་བབས་ནས། རྗེའི་དྲུང་དུ་སྤང་སྟན་ཉིད་ལ་བཞུགས་ཏེ། ལུང་དང་རྟོགས་པའི་ཡོན་ཏན་མཐའ་ཡས་པར་གྱུར་བའི་ཕུང་པོར་གྱུར་བའི་འདྲེན་པ་དམ་པ་ཉིད་བདག་གི་སྐྱེ་བ་འདིའི་ཡོངས་སུ་འཛིན་པ་ཆེན་པོར་གྱུར་པ་ཇི་ལྟ་བ་བཞིན་དུ། ཚེ་རབས་ཐམས་ཅད་ཀྱི་བཤེས་བསྙེན་མཆོག་ཏུ་གྱུར་ནས་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་འཚོ་བས་རྣམ་པ་ཐམས་ཅད་དུ་ཉེ་བར་འཚོ་བར་གྱུར་ཅིག་ཅེས་བྱ་བ་ལ་སོགས་པའི་སྨོན་ལམ་མཐའ་དག་འདེབས་པ་གནང། ཕྱིས་ཀྱང་བདག་གིས། མཁན་པོ་རིན་པོ་ཆེ་ལ་སྣང་