R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༡༢༨ན-༤༤༥
[A:༡༢༨ན-༤༤༥] ༄༅། །སྙན་དུ་མ་ལྷོན་པ་བཞིན་བྱུང་ན་གསལ་འདེབས་ཞུ་རོགས་བགྱིས་ཕེབས། དེ་ནས་འབེལ་གཏམ་དོགས་གཅོད་མང་པོ་ཅིག་གནང་བའི་མཐར་བཞུགས་ཁྲི་ལས་བབས་ནས། སེམས་དཔའ་ཆེན་པོའི་སྤྱན་སྔར་འདུད་པའི་ཚུལ་གྱི་སྤང་སྟན་ལ་བཞུགས་ཏེ། བདག་ལ་ཅུང་ཟད་མནལ་བའི་དུས་ཐམས་ཅད་དུ་སེམས་ཀྱི་སྣང་བ་ལ་ཐོག་མར་སྙིང་ག་ནས་འོད་ཟེར་དཀར་པོ་བ་ཐག་རྐྱང་བ་ལྟུ་རང་གིས་ལག་དོགས་བྱ་ཞིང་སྦྲང་བཤད་པ་ལྟར་བཤད་པའི་སྣང་བ་འཆར་ཞིང། དེའི་ཚེ་སྲོག་དང་འབྲལ་བ་འདུག་སྙམ་ངལ་བའི་ཉམས་སྣང་ཅུང་ཟད་འཆར། དེ་ནས་འོད་ཟེར་ཇེ་ཆེར་སོང་ཏེ་ལུས་ཐམས་ཅད་ཀྱི་དཀྱིལ་འཁོར་དུ་སྣང་བ་དང། དེ་ལས་ཀྱང་འོད་ཇེ་ཆར་སོང་སྟེ་སངས་རྒྱས་ཀྱི་ཞིང་དཔག་ཏུ་མེད་པ་བགྲོད་ནས་དེ་བཞིན་གཤེགས་པ་སོགས་པ་མང་པོ་ལ་ཆོས་ནོད་པའི་ཉམས་དང། ལྷ་དང་ཀླུ་ལ་སོགས་པའི་འཇིག་རྟེན་གྱི་ཁམས་མང་པོར་བགྲོད་ཅིང། དེ་དག་ཆོས་ཀྱིས་གདུལ་བ་ལ་སོགས་པའི་ཉམས་དུ་མ་འཆར་བ་ཞིག་འོང་གི་འདུག་པ། འདི་འདྲ་བའི་ཉམས་ཀྱི་འཆར་འདུག་ལ། ལུགས་ལ།སྦྱོར་དུག་པ་རྣམས་ངོ་ཇི་ལྟར་དུ་སྤྲོད་པ་ཡིན་ཞེས་གསོལ་བ་ལ། ལགས་དེ་ལྟ་བུའི་རྣམ་པ་ཕྱོགས་རེ་ཙམ་ལས་དང་པོའི་རྣལ་འབྱོར་པ་ལ་ལ་མ་བྱུང་ལ་གཉིད་ཀྱི་འོད་གསལ་དུ་ངོ་སྤྲོད་པ་ཞིག་ལགས་ཀྱང། སྒྲུང་གི་རྣམ་པར་ཐར་བ་དེ་དག་ནི། རྒྱུད་ཀྱི་རྒྱལ་པོ་ལས། རྗེས་སུ་དྲན་པ་ལེགས་པར་དག་པ་དྲི་མེད་འོད་ཀྱི་དཀྱིལ་འཁོར་དག་ཀྱང་ཡེ་ཤེས་འོད་ཀྱི་གཟུགས་ལས་སོ། །ཤེས་ཞེས་