R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༡༣༡བ-༤༥༢
[A:༡༣༡བ-༤༥༢] བསྟན་པ་སྤྱི་འགྲེལ། བཀའ་བསྡུ་བཞི་པ། ངོ་སྤྲོད་ཁྱད་འཕགས། ཉམས་ཀྱི་ངོ་སྤྲོད། བླ་མ་དཀོན་མཆོག་བཟང་པོའི་དྲི་ལན། ཤེས་རབ་བླ་མའི་དྲིས་ལན་སོགས་ཟབ་མོ་གཞན་སྟོང་དང་འབྲེལ་བའི་ཆོས་ཀྱི་རྣམ་གྲངས་མང་པོའི་ལུང་ཕུལ། དེའི་ཚེ་འདི་སྐོར་ལ། རྗེ་ཉིད་ཀྱི་ཐུགས་རྩོམ་གྱི་ཡིག་ཆ་བཞིན་ཡོད་དམ་གསུང་བ་ལ། རྗེའི་ཞལ་ནས། ཆེ་ཞིང་རིང་བ་ནི་མེད། འོན་ཀྱང་ལུགས་འདིའི་བསྟན་པའི་གཞུང་གཟུགས་པར་འདུག་པས ། བསྟན་པ་སྤྱི་འགྲེལ་གྱི་གསོལ་འདེབས་ལ་ཊཱི་ཀར་མིང་བཏགས་པ་ཞིག་ནི་ཡོད་གསུང། དེ་མ་ཐག། ཐམས་ཅད་མཁྱེན་པས་ཊཱི་ཀ་དེའཕྲལ་དུ་དགོས་ཕེབས་པ་བཞིན་ཕུལ་བས། དེ་ནས་གཟུང་སྟེ་མཚན་གང་པོ་ལ་ཞིབ་པར་གཟིགས་ནས། སང་ཉིན་བཞུགས་གྲལ་ལ། རྗེ་དྲུང་གིས་མཛད་པའི་ཡིག་ཆ་འདི་ཉིད་སྒྲོམ་བཟང་བ། འཕགས་ཡུལ་གྱི་མཁས་པ་རྣམས་ཀྱི་བསྟན་བཅོས་འདྲ་བ་ལ། འཕྲལ་དུ་དེ་དག་ལས་ཀྱང་འཇམས་བདེ་ཞིང་འགྲིག་ལ་འགྲེལ་ལེགས་པ་ཅིག་བྱུང་འདུག། འདི་ལྟ་བུའི་རྩོམ་པ་ནི་སྟོན་པ་རིན་པོ་ཆེ་ལ་བླ་ན་མེད་པའི་སྲིད་སྲི་ཞུ་དང། བསྟན་པ་ལ་འཁྲུལ་པ་མེད་པའི་ཕྱག་རྗེས་ཡང་དག་ཅིང་ཚད་མེད་པ་རང་དུ་འདུག་གསུང། རྗེས་སུའང། རྗེ་ཉིད་ཀྱིས་ཐུགས་རྩོམ་གནང་བའི་འགྲེལ་