R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༡༣༡ན-༤༥༡
[A:༡༣༡ན-༤༥༡] ༄༅། །གསུང་བ་ལ། བདག་གི་རི་མོར་བྲིས་པ་དང་རིན་པོ་ཆེ་སོགས་ལ་བཞེངས་པའི་རིགས་ལྡན་ནི་མང་པོ་མཇལ། གཞན་མ་དེ་ལྟ་བུའི་རྫུན་ཞུ་བ་ཅི་སྤོབས་ལགས་ཞུས་པས། ཐམས་ཅད་མཁྱེན་པའི་དྲུང་བདག་ལ་ཞལ་གྱི་དཀྱིལ་འཁོར་འཛུམ་པ་དང་བཅས་པས། སྐུ་མདུན་ཉིད་རྫུན་གསུང་བ་རེད་པ་གསུང། གཞན་ཡང་དེའི་ཉིན། ཐམས་ཅད་མཁྱེན་པས་མངོན་པར་མཁྱེན་པའི་གནས་ལས་བརྩམས་པའི་བཀའི་ཕྲེང་བ་ངོ་མཚར་བ་མང་པོ་ཞིག་གནང་ཏེ། སྐྱེ་བོ་མ་དག་པའི་བློ་ཅན་ལ་ལ་དག་མི་དགེ་བའི་ལམ་ལ་སྦྱར་དགོས་པས་འདིར་མ་འཁོད། དེ་ནས་ཆོས་སྐྱོང་བའི་རྒྱལ་པོ་རྣམ་སྲས་དམར་པོའི་རྗེས་སུ་གནང་བ་སྒྲུབ་སྐོར་ལས་ཚོགས་དང་བཅས་པ་བུམ་པ་གང་བྱོའི་ཚུལ་དུ་ཕུལ། སླར་རྣལ་འབྱོར་ཡན་ལག་དྲུག་གི་དམིགས་རིམ་རྫོགས་པ་དང། ཆོས་རྗེ་ཕྱོགས་ལེགས་རྣམ་རྒྱལ་གྱིས་མཛད་པའི་སྦྱོར་དྲུག་གི་ཐོག་མཐའ་བར་དགེའི་ཁྲིད་ཡིག། ངོ་སྤྲོད་ཆེ་ཆུང་གཉག་དཔོན་རིན་པོ་ཆེས་མཛད་པ། དུས་འཁོར་ལྷ་དགུའི་མངོན་རྟོགས། དབང་གོང་མའི་ཆོ་ག། དེ་ལ་བརྟེན་ནས་དབང་གོང་མ་བཞི། ཁྲིད་ཡིག་ངོ་སྤྲོད་དང་བཅས་པ་དང། ཆོས་རྗེ་ཀུན་མཁྱེན་ཆེན་པོའི་གསུང་