R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༡༣༣ན-༤༥༥
[A:༡༣༣ན-༤༥༥] ༄༅། །རྒྱ་ཆེ་བར་གྲགས་སོ། །དེ་ནས་སྒར་པའི་ཆེ་གཉན། ཀོང་ལུང་རལ་གསུམ་ལ་བཞུགས་པའི་མདོ་སྔགས་ཀྱི་བཤེས་གཉེན་གྲངས་ལས་འདས་པ་དང། སྐྱེ་བོའི་ཚོགས་དང་བཅས་ལ་གདམས་པ་ཟབ་མོ་ཚིམ་པར་མཛད་དེ། སླར་ཡང་ཚོགས་སྡེ་ཆེན་པོ་སོགས་དབུས་གཙང་གི་གདུལ་བྱ་མཐའ་དག་ཐུགས་རྗེའི་ཁོངས་ལས་མི་འདོར་བ་དང། ཁྱད་པར་ཡར་རྒྱབ་ཆོས་ཀྱི་རྒྱལ་པོ་ཡུམ་སྲས་སུའང་ཕྱིར་ཕེབས་པའི་བཀའ་བཞེས་གནང་བ་བཞིན། མཐའ་བཙན་པའི་ཐུགས་དམ་བརྟན་པོས། ཐམས་ཅད་མཁྱེན་པའི་དྲུང་དུའང་དབུས་ལ་ཕེབས་པའི་ཞུས་སྣང་ཕུལ་བའི་ཚེ། ཐམས་ཅད་མཁྱེན་པ་དཔོན་སློབ་ཀྱིས། རྗེའི་དྲུང་དུ། སྐུ་དྲུང་ཉིད་སྒར་ལ་ཡབ་སྲས་འབྲལ་མེད་དུ་རྟག་པར་བཞུགས་ཏེ། སྒར་གྱི་ཚོ་འཛིན་གནང་ནས་ཆོས་ཀྱི་འཁོར་ལོ་བསྐོར་དགོས། དེ་ལྟར་དགོངས་པ་མ་གྲུབ་ཀྱང་རེ་ཤིག་བཞུགས་ལ། དཔལ་དུས་ཀྱི་འཁོར་ལོ་ལ་སོགས་གསང་སྔགས་ཀྱི་དབང་ལུང་མང་པོ་དང། འདུལ་བ་ལུང་སྡེ་བཞིའི་ལུང་དང་བཤད་པ་སོགས་གྲུབ་པ་ཅིག་ཅེས་ཀྱང་གནང་དགོས་ཤེས་ཞེས་ཞུ་ནན་ཕུལ་བ་ན། རྗེའི་བཀའ་ལས། སྤྱིར་ངེད་ཀྱི་ཚེ་ཚད་ལོ་དོན་གཉིས་དོན་གསུམ་ཙམ་ཡིན་ནའང། ད་བར་སྡོད་པ་ཐམས་ཅད་མཁྱེན་པའི་བསྙེན་པར་རྫོགས་པ་སྒྲུབ་པའི་སྒུག་དོད་ཀྱིས་ཉེ་བར་འཚོ་བ་ཡིན། ཁྱད་པར་ད་རེས་