[A:༡༣༢བ-༤༥༤] ཕན་བདེ་མ་ལུས་རྩོལ་བའི་བཀའ་དྲིན་ཅན། །དཔལ་ལྡན་ཆོས་གྲུབ་སེང་གེ་དེ་ལ་བསྟོད། །ཧ་ཅང་ཡུན་མི་རིང་བར་ནམ་ཞིག་ན། །ཕྱོགས་བཅུའི་ཞིང་ཁམས་མཐའ་གཏུགས་ཐམས་ཅད་པར། །མངོན་པར་རྫོགས་བྱང་ཆུབ་པ་ཆོས་ཀྱི་རྗེ། །དཔལ་ལྡན་ཆོས་གྲུབ་སེང་གེ་དེ་ལ་བསྟོད། །དེ་ལྟར་དང་བའི་ཡིད་ཀྱིས་མི་ཕྱེད་པར། །ལུས་ངག་ཡིད་གསུམ་ཕྱག་འཚལ་བསྟོད་བགྱིས་ཏེ། །དཔལ་ལྡན་བླ་མ་ཆོས་གྲུབ་སེང་གེ་ཡིས། །སྐུ་གསུང་ཐུགས་ཀྱིས་རྗེས་སུ་འཛིན་གྱུར་ཅིག།།ཀུན་རྫོབ་དོན་དམ་ཆོས་དང་ཆོས་ཉིད་ཀྱི། །དཀོན་མཆོག་གསུམ་དེ་བདེན་པའི་རྟེན་འབྲེལ་ལས། །སྨོན་ལམ་འདི་ཉིད་ཡོངས་སུ་འགྲུབ་པ་དང། །རྒྱལ་བའི་བསྟན་པ་ཀུན་དུཏུ་རྒྱས་གྱུར་ཅིག།།ཅེས་བརྟན་པར་བཞུགས་པ་གསོལ་བ་འདེབས་པ་གནང་བས། དེ་ཀའི་མོད་ལ་སྙུན་དངས་དྭངས་ཤིང། སྐབས་དེར་བླ་མ་རི་བོ་གསེར་གླིང་པ་ཞེས་མདོ་སྔགས་ཀྱི་སྐུ་ཡོན་དུ་མས་བརྒྱན་པ་ཀོང་ལུང་པར་གྲགས་ཆེ་བ་ཅིག་བསྙེན་རྫོགས་ཞུ་བར་བྱོན། རྗེ་ཉིད་མཁན་པོ། ལས་སློབ་མཁན་ཆེན་རིན་ཆེན་བཀྲ་ཤིས། གསང་སྟོན་རབ་འབྱམས་པ་ཤཱ་ཀྱ་རྒྱ་མཚོ། དུས་བསྒོ་བ་སྟོང་ལུང་རི་ཁྲོད་དགོན་གསར་གྱི་བླ་མ་དཀའ་བཅུ་པ་ནོར་བུ་བ་སོགས་དད་པའི་དགེ་འདུན་བཅུ་ཕྱིན་གྱི་དྲུང་དུ་བསྙེན་པར་རྫོགས་ཤིང། ཕྱིས་ཕྲིན་ལས་